无障碍阅读 关怀版

བོད་ལྗོངས་སུ་བོད་ཡིག་བཀས་བཅད་ཐ་སྙད་༡༥༠༠ཙམ་ཞིག་གསར་སྣོན་བྱུང་བ།

དུས་ཚོད། 2019-10-19 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ཤིན་ཧྭ་གསར་འགྱུར་ཁང་།

བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན།  ༢༠༡༨ལོ་ནས་ད་ལྟའི་བར་རྒྱ་ཡིག་ནས་གསར་དུ་ཐོན་པའི་ཐ་སྙད་“学习强国”“奔奔族”“比心”སོགས་ཀྱི་བོད་ཡིག་ཐ་སྙད་ཀྱང་བཀས་བཅད་བྱས་ཡོད་པ་རེད།    

ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་མཆོག་རྒྱལ་གྱིས “༢༠༡༨ཚུན་ཆད་དུ་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་གྱིས་སྐབས་དོན་སྲིད་ཇུས་དང་། སྤྱོད་གོ་ཆེ་བ་ལ་ཐོན་མང་བའི་དྲ་རྒྱའི་ཆེད་སྤྱོད་ཐ་སྙད། ལྷག་པར་དུ་སྤྱི་ཚོགས་ལ་དགོས་མཁོ་ཤིན་ཏུ་ཆེ་བའི་རྒྱལ་ཁབ་གློག་དྲའི་རྒྱུན་སྤྱོད་ཐ་སྙད།  ཨ་ཅེ་ལྷ་མོའི་ཆེད་སྤྱོད་ཐ་སྙད།  བོད་ཀྱི་སྲོལ་རྒྱུན་བྲོ་གར་གྱི་འགྱུར་ཁུག་སྟངས་སྟབས་ཆེད་སྤྱོད་ཐ་སྙད་སོགས་ཁྱོན་ཐ་སྙད་༡༥༠༠ཙམ་ཞིག་བཀས་བཅད་བྱས་ཡོད་པ་མ་ཟད།  ཐ་སྙད་འདི་དག་རྣམ་པ་སྣ་ཚོགས་ཀྱི་སྟེང་ནས་བོད་ཁུལ་དུ་ཁྱབ་སྤེལ་བྱེད་བཞིན་ཡོད”ཅེས་གསུངས་པ་རེད།

བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནི་༢༠༠༥ལོར་བཙུགས་པ་དང་། ལས་དོན་གྱི་དམིགས་བྱ་གཙོ་བོ་ནི་ཏང་གི་ཡང་དག་པའི་མཛད་ཕྱོགས་སྲིད་ཇུས་གཞི་རིམ་དུ་བརྒྱུད་བསྒྲགས་བྱས་ནས། རྒྱ་ཆེའི་མི་དམངས་ཀྱིས་ཏང་གི་སྲིད་ཇུས་ལ་ཤེས་རྟོགས་གང་ལེགས་བྱེད་པའི་ཐོག་ནས་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ལེགས་པོ་ཡོང་བ་བྱ་རྒྱུ་དེ་ཡིན། ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་གྱིས་༢༠༠༥ནས་ད་ལྟའི་བར་ཁྱོན་ཐ་སྙད་གྲངས་ཁྲི་གཅིག་ལ་ཉེ་བ་ཞིག་བཀས་བཅད་བྱས་ཡོད་པ་རེད།