无障碍阅读 关怀版

ལྗོངས་བོད་སྐད་ཨུད་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ནག་ཆུ་གྲོང་ཁྱེར་དུ་ལས་དོན་རྟོག་ཞིབ་གནང་བ།

དུས་ཚོད། 2019-10-19 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ལས་ཁུངས་ཏང་ཨུད།

རྒྱལ་ཁབ་དམངས་ཨུད་ཀྱིས་མངག་བཅོལ་གནང་བའི་རྣམ་གྲངས་སྟེ་བོད་རང་སྐྱོང་ལྗོངས་ཆོས་ལུགས་བྱེད་སྒོའི་ལྟེ་གནས་ཀྱི་མིང་གཞུང་རྒྱ་བོད་ཤན་སྦྱར་མལེགས་སྒྲུབ་གང་ལེགས་ཡོང་ཆེད། ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན་གཞོན་པ་དང་ཅུད་ཀྲང་གཞོན་པ་འཇམ་དབྱངས་མཆོག་རྒྱལ་གྱིས་སྣེ་ཁྲིད་བྱས་པའི་ལས་དོན་རུ་ཁག་ཟླ་༩ཚེས་༧ནས་ཚེས་༡༧བར་ནག་ཆུར་ཕེབས་ནས་འབྲེལ་ཡོད་ལས་དོན་སྐོར་ལ་གཤམ་སྐྱོད་རྟོག་ཞིབ་གནང་བ་རེད།   

ཐེངས་འདིའི་རྟོག་ཞིབ་ལས་དོན་རུ་ཁག་གིས་ས་ཡུལ་དངོས་སུ་བསྐྱོད་པ་དང་། འབྲེལ་ཡོད་ཡིག་ཚགས་བཤེར་བ། ཡུལ་མིར་སྐད་ཆ་འདྲི་བ་བཅས་ཀྱི་བྱ་ཐབས་ཐོག་ནས་ཁྱོན་རྫོང་བདུན་ཙམ་ཞིག་གི་ཆོས་ལུགས་བྱེད་སྒོ་ལྟེ་གནས་ཀྱི་དགོན་སྡེ་ཕྱག་བཏབ་པའི་དུས་ཚོད་དང་། ལོ་རྒྱུས་ཀྱི་བྱུང་བ། གནས་ས་གནས་ཡུལ། གྲུབ་མཐའ་སོགས་འབྲེལ་ཡོད་གནད་དོན་མང་དག་ཅིག་ལ་གཤིབ་བསྡུར་གང་ལེགས་གནང་ནསབོད་རང་སྐྱོང་ལྗོངས་ཆོས་ལུགས་བྱེད་སྒོའི་ལྟེ་གནས་ཀྱི་མིང་གཞུང་རྒྱ་བོད་ཤན་སྦྱར་མཡི་ནག་ཆུའི་ས་བཅད་འབྲི་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།