无障碍阅读 关怀版

ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་(རྩོམ་སྒྱུར་ཅུད)གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་ལུས་རྩལ་བྱེད་སྒོ་སྤེལ་བ།

དུས་ཚོད། 2019-10-19 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ལས་ཁུངས་ཏང་ཨུད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བ་དང་། ལས་ཁུངས་ལས་བྱེད་ལས་བཟོ་པའི་ལས་ཀའི་ཧུར་སེམས་ལ་སྐུལ་མ་གཏོང་ཆེད།  ཟླ་༩ཚེས་༢༣ནས་༢༦བར་ལས་ཁུངས་ཏང་ཨུད་ཀྱིས་ལུས་རྩལ་འགྲན་བསྡུར་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད།

ཐེངས་འདིའི་ལུས་རྩལ་འགྲན་བསྡུར་གྱི་བྱེད་སྒོ་ནི་ཀྲེ་པུའུ་སྡེ་ཚན་དུ་བྱས་ནས་འགྲན་བསྡུར་ནང་ཞུགས་པ་དང་། འགྲན་བསྡུར་གྱི་རྣམ་གྲངས་ལ་ཐག་འཐེན་འགྲན་བསྡུར་དང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་བཅས་ཁག་གཉིས་ཡོད་ཅིང་།   བྱེད་སྒོ་སྤེལ་བ་བརྒྱུད་ལས་བྱེད་ལས་བཟོ་པའི་རིག་རྩལ་འཚོ་བའི་རྣམ་གྲངས་ཕུན་སུམ་ཇེ་ཚོགས་དང་།  ལས་དོན་ཁྲོད་ཀྱི་གོང་བུ་འགྲིལ་ཤུགས་ཇེ་ཆེར་འགྲོ་བ།  ལས་བྱའི་མཐུན་སྒྲིལ་ཇེ་ཟབ་ཏུ་འགྲོ་བ་བཅས་ཀྱི་ཐད་ཕན་འབྲས་ཆེན་པོ་ཐོན་ཡོད།