无障碍阅读 关怀版

བོད་ལྗོངས་ཁུལ་ནས《རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད》ཁག་གཉིས་པ་པར་སྐྲུན་བྱས་པ།

དུས་ཚོད། 2019-10-19 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ཤིན་ཧྭ་གསར་འགྱུར་ཁང་།

བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་ཞིབ་བཤེར་གཏན་འབེབས་བྱས་པའི རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་བྱས་པ་རེད། ཚིག་མཛོད་དེ་ནི་༢༠༡༢ལོརརྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོདཁག་དང་པོ་པར་སྐྲུན་བྱས་རྗེས། བོད་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གསར་པ་ཞིག་ཡིན་ཞིང་། འདིའི་ནང་བཀས་བཅད་ཐ་སྙད་༩༠༠༠ཙམ་ཞིག་བསྡུ་རུབ་བྱས་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)བཀས་བཅད་ཁྲུའི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོས་བོད་ཀྱི་སྤྱི་ཚོགས་གོང་འཕེལ་འགྲོ་བའི་གོམ་སྟབས་དང་བསྟུན་ནས་ཐ་སྙད་གསར་པ་མི་ཉུང་བ་ཞིག་ཐོན་བཞིན་ཡོད།  སྔར་ཡོད་ཀྱི་བོད་སྐད་ཁྲོད་གསར་ཐོན་གྱི་ཐ་སྙད་དག་མེད་པའམ་ཡང་ན་མིང་གཅིག་དོན་མང་ལ་འཇུག་པ། ཚད་ལྡན་མིན་པ། གཅིག་གྱུར་མེད་པ་བཅས་ཀྱི་གནད་དོན་ཐོན་བཞིན་ཡོད་པས་ན། ང་ཚོས་ངེས་པར་དུ་དབང་གྲགས་དང་ཚད་ལྡན་རང་བཞིན་གྱི་ཐ་སྙད་གསར་པ་བཀས་བཅད་བྱས་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་བསྲེས་བཅས་ཀྱི་ལས་དོན་ལ་ལེགས་སྐྱེས་འབུལ་དགོས་པ་ཡིན་ཞེས་གསུངས།

རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོདཁག་གཉིས་པའི་ནང་༡༩༩༥ལོའི་ཚུན་ཆད་ཀྱི་སྐབས་དོན་ཆབ་སྲིད་དང་། དཔལ་འབྱོར། མཉམ་འབྲེལ་དྲ་རྒྱ།  རིག་གནས།  ཁྲིམས་ལུགས། གློག་ཤུགས་བཅས་ཀྱིས་གཙོས་ལས་རིགས་མི་འདྲ་བའི་ཁྱབ་ཁོངས་ནང་གི་ཐ་སྙད་དང་ཚིག་དུམ་གྲངས་ཁྲི་ལ་ཉེ་བ་ཞིག་བསྡུ་རུབ་བྱས་ཡོད་ཅིང་།  ཐ་སྙད་འདི་དག་ཞིབ་བཤེར་གཏན་འབེབས་བྱེད་པའི་བརྒྱུད་རིམ་ནང་ཡིག་སྒྱུར་གྱི་ཐབས་དམ་པ་བཞི་དང་། དམངས་ཁྲོད་ཀྱི་སྐད་བརྡར་ཞིབ་འཇུག་གིས་སྔར་སྲོལ་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་བྱ་ཐབས་ཟུང་འབྲེལ་ཐོག  པེ་ཅིན་དང་། སི་ཁྲོན། བོད་ལྗོངས་བཅས་ནས་ཡིག་སྒྱུར་བསླབ་པ་རྒན་གྲས་གདན་འདྲེན་ཞུས་ཏེ་ཐུན་མོང་ཐོག་ཆེས་མཐའ་མཇུག་གི་ཞུ་དག་གནང་རྗེས་མཐར་ཡོངས་བསྒྲགས་བྱེད་བཞིན་ཡོད།

རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོདཁག་གཉིས་པ་པར་སྐྲུན་བྱས་པ་དེས་བོད་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་འདི་བཞིན་སྐས་རིམ་གསར་པ་ཞིག་ཏུ་འཛེགས་ཡོད་པ་མཚོན་ཡོད་ལ། དེས་མ་འོངས་བོད་སྐད་ཡིག་གི་ལས་དོན་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱ་རྒྱུར་དཔྱད་གཞིའི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།