无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༠ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་སྐོང་ཚོགས་བྱས་པ།

དུས་ཚོད། 2020-03-11 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ལས་ཁུངས་ཏང་ཨུད།

        ཟླ་༡ཚེས་༢༠ཉིན། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུདཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༠ལོའི་སློབ་སྦྱོང་བྱེད་སྒོའི་ཚོགས་འདུ་ཐེངས་དང་པོ་སྐོང་ཚོགས་བྱས་པ་དང་།  ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱིཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་བྱེད་སྒོའི་མཇུག་བསྡོམས་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་དང་།  སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན།  ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ།  ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ།   ལྗོངས་ཏང་ཨུད་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ།  བོད་རང་སྐྱོང་ལྗོངས་ཀྱི ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་བྱེད་སྒོའི་མཇུག་བསྡོམས་ཚོགས་འདུའི་དགོངས་དོན།  དེ་བཞིན་ཉེ་ལམ་རང་ལྗོངས་སུ་ལྷག་པའི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་སྒྲིག་འགལ་གྱི་བྱ་སྤྱོད་སྐོར་གྱི་བརྡ་ཁྱབ་བཅས་ཀྱི་ནང་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་།  ཐེངས་འདིའི་ཚོགས་འདུ་ནི་ཏང་ཙུའི་ཧྲུའུ་ཅི་ཧོ་ཕིང་གིས་གཙོ་སྐྱོང་གནང་ཞིང་ལས་ཐོག་ཏུ་ཡོད་པའི་ཏང་ཡོན་ཡོངས་རྫོགས་ཞུགས་ཡོད་པ་རེད།