无障碍阅读 关怀版

ཀྲུང་གུང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་༢༠༡༩ལོའི་ཕུལ་བྱུང་ལས་བྱེད་ལས་བཟོ་དང་སྔོན་ཐོན་ལས་བྱར་གཟེངས་བསྟོད་བྱེད་པའི་གཏན་འབེབས།

དུས་ཚོད། 2020-03-11 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ལས་ཁུངས་ཏང་ཨུད།

ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་རྩོམ་སྒྱུར་ཅུདགིས་༢༠༡༩ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གསུམ་པ། བཞི་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། བློ་མཐུན་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་སློབ་སྦྱོང་དོན་འཁྱོལ་ནན་ཏན་བྱས་པ་དང་སྦྲགས།ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་བྱེད་སྒོ་ཏན་ཏིག་གིས་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ལས་ཁུངས་ཏང་ཨུད་ཀྱིས་ལོ་འཁོར་གྱི་ལས་དོན་ལ་མཇུག་བསྡོམས་བྱེད་པ་དང་ཆབས་ཅིག མ་འོངས་ཀྱི་ལོ་ཟླའི་ནང་བོད་སྐད་ཡིག་རྩོམ་སྒྱུར་ལས་དོན་ལ་སྔར་ལས་ལྷག་པའི་གྲུབ་འབྲས་གཏོད་རྒྱུ་དང་སྔོན་ཐོན་མིག་དཔེར་བཟུང་ནས་གཞུང་དྲང་ཟོལ་མེད་དང་འབད་པ་ལྷོད་མེད་ཀྱིས་ལས་དོན་ཁག་ལེགས་སྒྲུབ་ཡོང་རྒྱུར་སྐུལ་མ་གཏོང་ཆེད། འདྲ་མཉམ་དང་། དྲང་གཞག ཡོངས་བསྒྲགས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཕུལ་བྱུང་གཞུང་ལས་པ་མི་༡༠དང་། སྔོན་ཐོན་ལས་བྱ་མི་༢ སྔོན་ཐོན་ལས་མི་༤བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ལས་བྱ་ཡོངས་ནས་སློབ་སྦྱོང་ཞུ་རྒྱུའི་བླང་བྱ་བཏོན་ཡོད།