无障碍阅读 关怀版

དམིགས་བསལ་གྱི་གསུམ་བརྒྱད་བུད་མེད་དུས་ཆེན་ཞིག་བཏང་བ།

དུས་ཚོད། 2020-03-17 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ལས་ཁུངས་ཏང་ཨུད།

ཟླ་༣ཚེས་༨ཉིན། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ལས་ཁུངས་ཀྱི་བུད་མེད་ལས་བྱེད་ལས་བཟོ་བ་སྒྲིག་འཛུགས་བྱས་ནས གསུམ་བརྒྱདབུད་མེད་དུས་ཆེན་གྱི་དྲ་ཐོག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་སུ་མི་སྣ་འདུ་འཛོམས་མི་བྱེད་པའི་རྩ་དོན་གཞིར་བཟུང་ལས་ཁུངས་ཏང་ཨུད་དང་།  བུད་མེད་ཨུ་ལྷན།    བཟོ་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་དང་།  བྱེད་སྒོའི་ཁྲོད་རིམས་ནད་སྔོན་འགོག་གི་འགྲན་བསྡུར་ནང་ཞུགས་མཁན་བུད་མེད་བློ་མཐུན་22ལ་དུག་སེལ་གཤེར་ཁུ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་ཁོང་དུ་ཆུད་པ་བྱས་ཐོག   ཐེངས་དེའི་རིམས་ནད་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་ཡིད་ཆེས་བརྟན་པོ་སྤྲད་ཡོད།