ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་རིམས་ནད་འགོག་བཅོས་ལ་ཞལ་འདེབས་ཧུར་ཐག་ཕུལ་བ།
རིམས་ནད་འགོག་བཅོས་ཀྱི་དམག་འཐབ་ལ་རྒྱལ་ཁ་འཐོབ་ཆེད། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱ་ཆེའི་ཏང་ཡོན་ལ་འབོད་སྐུལ་གནང་བ་དང་ལེན་ཧུར་ཐག་ཞུས་ཐོག ཀྲུང་དབྱང་རྩ་འཛུགས་པུའུ་དང་།
ལྗོངས་ཐད་གཏོགས་ལས་དོན་ཨུ་ལྷན་གྱིས་ཏང་ཡོན་སྒྲིག་འཛུགས་བྱས་ནས་རང་མོས་ངང་ཞལ་འདེབས་ཕུལ་ཏེ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི་དགོངས་དོན་གཞིར་བཟུང་། ཟླ་༣ཚེས་༡ཉིན། ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ལས་བྱེད་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ནས་རང་མོས་ངང་ཞལ་འདེབས་ཕུལ་ཏེ་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་དང་།
ཧུའུ་པེ་མི་དམངས་དང་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་དང་བཀའ་དྲིན་ཚོར་སེམས་མཚོན་པར་བྱས་པ་རེད།
ཞལ་འདེབས་འབུལ་བའི་བྱེད་སྒོ་དེ་ནི་རང་མོས་དང་། ནུས་པས་ལྕོགས་ཚོད་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་གཞུང་ལས་ཁང་(ཅུད)གི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་ལས་བྱེད་ལས་བཟོ་ཡོངས་ཀྱིས་ཞལ་འདེབས་ཕུལ་བ་མ་ཟད།
ནང་སར་འཁོར་ཞག་ཏུ་ཡོད་པའི་ལས་བྱེད་ལས་བཟོ་ཁག་གཅིག་གིས་ཀྱང་རང་འགུལ་ངང་འཕྲིན་ཕྲན་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཞལ་འདེབས་ཕུལ་བ། ལྷག་པར་དུ་ལས་བཟོ་བ་ཁག་གཅིག་རང་ཉིད་དེ་ཙམ་ཕྱུག་པོ་མེད་ཀྱང་རང་ནུས་གང་ཡོད་ཀྱིས་ཞལ་འདེབས་ཕུལ་ཞིང་།
ཁྱོན་ཞལ་འདེབས་སྒོར་༢༥༩༠༠བྱུང་བ་དེ་དག་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོའི་ཚོགས་པར་རྩིས་སྤྲོད་བྱས་ཡོད།