无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་གད་སྙིགས་གཙང་སེལ་གྱི་བྱེད་སྒོ་སྤེལ་བ།

དུས་ཚོད། 2020-03-18 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ལས་ཁུངས་ཏང་ཨུད།

ཟླ་༣ཚེས་༡༤ཉིན། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་བཀའ་བཀོད་བཞིན་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་ལས་ཁུངས་སྒོ་རའི་ནང་དུ་གད་སྙིགས་གཙང་སེལ་གྱི་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་གཙང་སྦྲ་འཕྲོད་བསྟེན་ཀྱི་བྱེད་སྒོར་ལས་ཁུངས་ཀྱི་དབུ་ཁྲིད་གཙོས་པའི་ལས་བྱེད་ལས་བཟོ་ཡོངས་ཞུགས་ནས་སྒོ་རའི་ནང་དུ་གད་སྙིགས་གཙང་སེལ་གྱི་བྱེད་སྒོ་དུས་ཡུན་ཆུ་ཚོད་གཅིག་ཙམ་སྤེལ་ཏེ་རིམས་ནད་སྔོན་འགོག་གི་དམིགས་བསལ་དུས་མཚམས་ལ་གཙང་ཞིང་མཛེས་པའི་ཁོར་ཡུག་ཅིག་གཏོད་ཡོད་པ་རེད།