无障碍阅读 关怀版

༄༅། ། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་བོད་ལྗོངས་དངུལ་ཁང་གིས་མཉམ་འབྲེལ་ཐོག་ཁྱིམ་མཚེས་ཁྱིམ་ཚང་གཅིག་ཅེས་པའི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ།

དུས་ཚོད། 2020-05-27 རྩོམ་པ་པོ ཉི་མ་དོན་གྲུབ། རྩོམ་སྒྲིག ཕྱོགས་བསྡུས་ཁྲུའུ།

   ཟླ་༤ཚེས་༢༩ཉིན་གྱི་ཕྱི་དྲོ།  བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་བོད་ལྗོངས་དངུལ་ཁང་ཚན་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་ཁྱིམ་མཚེས་ཁྱིམ་ཚང་གཅིག་ཅེས་པའི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་ནས་ཐུན་མོང་ཐོག་ལྔ་གཅིགརྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་ལྔ་བཞིགཞོན་ནུའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད། 

 

ཐེངས་འདིའི་བྱེད་སྒོར་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)ཧོ་ཕེང་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན (ཅུད་ཀྲང་)ནོར་བུ།   ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ (ཅུད་ཀྲང་གཞོན་པ)ཚེ་རིང་གཡུ་སྒྲོན་དང་འཇམ་དབྱངས་མཆོག་རྒྱལ།  བོད་ལྗོངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཝང་ཆིན་ཡུན་བཅས་བྱེད་སྒོའི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

བྱེད་སྒོ་སྤྱི་ཡོངས་ལ་བརྒྱུད་རིམ་ཁག་གསུམ་ཡོད་པ་སྟེ།  སྐྱེས་པ་དང་བུད་མེདརྐྱང་པའམ་མཉམ་བསྲེས་ཀྱི་ཕིང་ང་སྤོ་ལོའི་འགྲན་བསྡུར་དང་གཅིག  ་ནོ་ཁེ་སྒྲོམ་སྟེགས་སྤོ་ལོའི་སྐྱེས་པ་རྐྱང་པ་དང་ཆ་ཅན་འགྲནབསྡུར་དང་། སྤོ་ལོ་དགུ་ཅན་གྱི་སྐྱེས་པ་རྐྱང་པ་དང་ཆ་ཅན་འགྲན་བསྡུར་དང་གཉིས།  སྐྱེས་པ་དང་བུད་མེད་རྐྱང་པ་དང་མཉམ་བསྲེས་ཀྱི་ཐག་འཐེན་འགྲན་བསྡུར་དང་གསུམ་བཅས་ལ་དབྱེ་ཡོད་པ་དང་།  འགྲན་བསྡུར་ལ་ཞུགས་མཁན་ལས་བྱེད་ལས་བཟོ་ཚོས་འགྲན་བསྡུར་ལས་མཛའ་སེམས་གཙོ་ཆེ་བའི་རྩ་དོན་རྒྱུན་འཁྱོངས་ཐོག  ཤེས་དཔལ་མཛའ་བརྩེ་དང་། མཐུན་སྒྲིལ་མཉམ་རོགསའབད་བརྩོན་ཧུར་ཐག་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་བྱེད་སྒོའི་རྣམ་གྲངས་ཁག་ཏུ་ཞུགས་པར་གྲུབ་འབྲས་ཀྱང་ཕུལ་དུ་བྱུང་བ་ཐོབ་ཡོད།

ཐེངས་འདིའི་བྱེད་སྒོ་ནི་ཚན་པ་གཉིས་མཉམ་འབྲེལ་ཐོག་གཉེར་ཐེངས་དང་པོ་ཡིན་ཞིང་། བྱེད་སྒོ་སྤེལ་བ་བརྒྱུད་ལས་བྱེད་ལས་བཟོའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། ཕན་ཚུན་དབར་གྱི་འབྲེལ་འདྲིས་ཇེ་ཟབ།  ཁྱིམ་མཚེས་ཚན་པ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་མ་ཟད། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་ལྔ་བཞི་གཞོན་ནུའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་དགའ་སྤྲོའི་རྣམ་པ་གསར་པ་ཞིག་ཀྱང་བཏོད་ཡོད།