ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ལས་ཁུངས་ཏང་ཨུད་ཀྱིས་༢༠༢༠ལོའི་ཏང་འཛུགས་ལས་དོན་བཀོད་སྒྲིག་བྱས་པ།

དུས་ཚོད། 2020-06-08 རྩོམ་པ་པོ ལྷ་དབང་། རྩོམ་སྒྲིག

ཟླ་༤ཚེས་༢༠ཉིན། རང་ཚན་པའི་འདི་ལོའི་ཏང་འཛུགས་གལ་ཆེའི་ལས་འགན་ཁག་དོན་འཁྱོལ་ཡོང་ཆེད།  ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་འཇམ་དབྱངས་མཆོག་རྒྱལ་ནས་ཆེད་དོན་ཚོགས་འདུ་ཚོགས་པ་དང་། ལས་ཁུངས་ཏང་ཨུད་ཀྱི་ཨུ་ཡོན(ལས་ཁུངས་སྒྲིག་བཤེར་གྱི་ཨུ་ཡོན)དེ་བཞིན་ཀྲེ་པུའུ་ཧྲུའུ་ཅི། ལས་ཁུངས་ཀྱི་བཟོ་ཚོགས། བུད་མེད་ཨུ་ཚོགས་བཅས་ཀྱི་ཁོངས་མི་ཡང་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག ཀྲེ་པུའུ་ཁག་གི་ཧྲུའུ་ཅིས་ཏང་དངུལ་བསྡུ་རྒྱུ་དང་"ཚོགས་འདུ་གསུམ་དང་སློབ་ཚན་གཅིག་"གི་ལམ་ལུགས་ཁག་ལག་ལེན་བྱ་རྒྱུ། "ངས་ཀྲེ་པུའུ་ཡི་སློབ་སྦྱོང་སྣེ་ཁྲིད་པ"ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་དུས་ཆེན་གྱི་བྱེད་སྒོ་སྤེལ་རྒྱུ། དེ་བཞིན"སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ"ལ་སོགས་པའི་ཀྲེ་པུའུ་ནང་ཁུལ་གྱི་ལས་དོན་འཆར་གཞི་ཁག་སྙན་གསེང་ཞུས་པ་དང་། འཇམ་དབྱངས་མཆོག་རྒྱལ་ནས་གོང་གི་གནས་ཚུལ་ལ་དམིགས་ཏེ་རེ་བ་བཏོན་པ་གཤམ་གསལ་ལྟར། "སློབ་སྦྱོང་གཉིས་དང་ཚད་ལོན་གཅིག"གི་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ཤིང་། ཏང་གི་ལས་དོན་མཐའ་དག་གི་སྔོན་འགྲོ་ལྟ་བུ་ནི་ཀྲེ་པུའུ་ཡི་ལམ་ཕྱོགས་སྲ་བརྟན་གཏོང་རྒྱུ་དང་།"སློབ་སྦྱོང་གཉིས་དང་ཚད་ལོན་གཅིག"གི་སློབ་སྦྱོང་སློབ་གསོ་དེ"ཚོགས་འདུ་གསུམ་དང་སློབ་ཚན་གཅིག"གི་གཞི་རྩའི་ནང་དོན་ལ་བརྩིས་ནས་མཐའ་འཁྱོངས་བྱེད་དགོས། ཀྲེ་པུའུ་ཁག་གིས་དོན་དངོས་དང་ཟུང་འབྲེལ་ཀྱིས་༢༠༢༠ལོའི་སློབ་སྦྱོང་འཆར་གཞི་དོན་འཁྱོལ་ནན་ཏན་བྱས་ཏེ་སློབ་སྦྱོང་གི་རྣམ་པ་དང་བྱེད་ཐབས་གསར་པའི་ཐོག་ནས"ངས་ཀྲེ་པུའུ་ཡི་སློབ་སྦྱོང་སྣེ་ཁྲིད་པ"དང་། "ཏང་གི་སྲོལ་ཡིག་སློབ་སྦྱོང་ཉིན་མོ" "བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ"སོགས་ཀྱི་བྱེད་སྒོ་ནན་ཏན་སྤེལ་ཏེ་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་གཅིག གཞི་རིམ་ཏང་ཀྲེ་པུའུ་ཡི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། ཏང་འཛུགས་སྐྱོང་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས་པ། གཏན་འབེབས་ཀྱི་གོ་རིམ་ལྟར་ཏང་ཡོན་འཕེལ་རྒྱས་ཡག་པོ་གཏོང་དགོས་པ། ལས་ཁུངས་ཏང་ཨུད་ཀྱི་སྐབས་བརྗེའི་ལས་ཀ་ཏན་ཏིག་སྤེལ་དགོས་པ། ལས་ཁུངས་ཀྱི་ཏང་ཨུད་འདི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་ཏང་གི་གཏན་འབེབས་ཁག་དོན་འཁྱོལ་དཔྱིས་ཕྱིན་བྱེད་པའི་གཡུལ་སར་འགྱུར་བར་བྱེད་དགོས་པ། ལས་ཁུངས་ཀྱི་ཀྲེ་པུའུ་ཁགལས་འཁྱུར་རྒན་ཡོན་ཀྲེ་པུའུ་ཚུད་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་པ། ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་བཅས་དང་གཉིས། ལས་ཁུངས་སྒྲིག་བཤེར་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ལས་ཁུངས་སྒྲིག་ཨུད་ཀྱིས་འགན་འཁྲི་ནན་ཏན་སྒྲུབ་པ་དང་། རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་འཛུགས་སྐྱོང་གི་ལས་འགན་ཁག་ཀྲེ་པུའུ་ནང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་གསུམ། མང་ཚོགས་རྩ་འཛུགས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་དགོས་ཤིང་། བཟོ་ཚོགས་དང་གཞོན་ནུའི་ལྟེ་བའི་ལས་དོན་སྣེ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས། ལས་ཁུངས་བཟོ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བཟོ་ཚོགས་ཀྱི་ཞབས་ཞུའི་ལས་སྟེགས་རྒྱ་ཆེར་གཏོང་བ། དུས་ཆེན་ཆེ་ཁག་གི་དུས་ཚོད་དམ་འཛིན་བྱས་ནས་ཧུར་བརྩོན་ཡར་སྐྱེད་དང་ནང་དོན་ཕུན་སུམ་ཚོགས་པའི་བཟོ་ཚོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་དགོས། ལས་ཁུངས་བུད་མེད་ཨུ་ལྷན་གྱི་ལས་ཀར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་སྟེ་ཁྱིམ་ཚང་གི་དཔལ་ཡོན་དང་། ཁྱིམ་སྲོལ་དང་ཁྱིམ་ཚང་གི་སློབ་གསོ་སོགས་ཀྱི་ཐད་བུད་མེད་བློ་མཐུན་གྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་བཞི།  ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོར་སློབ་གསོ་དང་དོ་དམ་བྱས་ནས "སློབ་སྦྱོང་དང་། སློབ་གསོ། ལྟ་སྐུལ། དོ་དམ། ཞབས་ཞུ་"བཅས་ཀྱི་ལས་འགན་ཁག་ལྔ་པོར་དམིགས་ནས། ལས་འཁྱུར་རྒན་ཡོན་ཀྲེ་པུའུ་ཡི་ནུས་པ་འདོན་སྤེལ་བྱས་ཏེ། ཁོང་ཚོའི་ལས་དོན་ཁག་ལེགས་སྒྲུབ་བྱ་དགོས་པ་དང་ལྔ་བཅས་སོ། .