无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་བོད་ཡིག་ཡིག་མཛོད་ཐོན་མིའི་ཕྱག་རྒྱུན་ཚུགས་ཐུང་ཡིག་གཟུགས་རྣམ་གྲངས་ཀྱི་བར་མའི་ཞིབ་བཤེར་རྩིས་ལེན་བྱས་པ།

དུས་ཚོད། 2020-06-09 རྩོམ་པ་པོ ལྷ་དབང་། རྩོམ་སྒྲིག

 

༢༠༢༠ལོའི་ཟླ་༤པའི་ཚེས་༢༧ཉིན། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་བོད་ཡིག་ཡིག་མཛོད་ཐོན་མིའི་ཕྱག་རྒྱུན་ཚུགས་ཐུང་ཡིག་གཟུགས་རྣམ་གྲངས་ཀྱི་བར་མའི་ཞིབ་བཤེར་རྩིས་ལེན་བྱས་པ་རེད། ཐེངས་འདིའི་ཞིབ་རྩིས་ཚོགས་འདུ་འདི་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་རྩོམ་སྒྱུར་ཅུད་ཏང་ཙུའི་ཧྲུའུ་ཅི་གཞོན་པ(ཅུད་ཀྲང)ནོར་བུས་གཙོ་སྐྱོང་གནང་བ་དང་། ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་རྒྱལ་མཚན་དང་། ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་བསོད་ནམས་དབང་ཕྱུག་སོགས་མཁས་དབང་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་རྣམ་གྲངས་གཉེར་མཁན་གྱི་ཁེ་ལས་བོད་བློ་ཚན་རྩལ་ཚད་ཡོད་ཀུང་སིའི་མཐོ་རིམ་བཟོ་བཀོད་པ་ཀའོ་ཏེང་གོས་ཚུགས་ཐུང་ཡིག་གཟུགས་ཀྱི་ཡིག་མཛོད་བཟོ་བའི་རྣམ་གྲངས་ཀྱི་འཕེལ་རིམ་སྐོར་ངོ་སྤྲོད་མདོར་བསྡུས་བྱས་ཤིང་། ཚོགས་བཞུགས་ཀྱི་ཆེད་ལས་མཁས་དབང་ལ་གློག་ཀླད་ཀྱི་ཚུགས་ཐུང་པར་མ་སྤྲད་པ་མ་ཟད། བསམ་འཆར་ཡང་བསྡུ་ལེན་བྱས་ཡོད། ཡིག་གཟུགས་མཁས་དབང་ཚོས་གསར་སྤེལ་བྱས་པའི་ཡིག་གཟུགས་ལ་ཆེས་མཐོའི་གདེང་འཇོག་གནང་བ་དང་། ཁེ་ལས་དང་ཡིག་མཁན་གཉིས་ལ་ཡིག་གཟུགས་ཀྱི་ཞིབ་ཆ་ཐད་ལའང་བསམ་འཆར་བཏོན་ཡོད།

མཇུག་ཏུ་ཅུད་ཀྲང་ནོར་བུས་རྣམ་གྲངས་ཀྱི་ལས་དོན་ལ་གདེང་འཇོག་ཡག་པོ་གནང་བ་མ་ཟད། བསམ་འཆར་ཡང་གཉིས་བཏོང་གནང་ཡོད་པ་སྟེ། ཚུགས་ཐུང་ཡིག་གཟུགས་གསར་སྤེལ་ཁེ་ལས་ཀྱིས་མཁས་དབང་རྣམ་པའི་དགོངས་པ་ལྟར། ཡིག་གཟུགས་བྲིས་རྒྱུན་མ་ཉམས་གོང་འཕེལ་ལ་ཤུགས་སྣོན་བརྒྱབ་སྟེ། ཀུན་གྱིས་ཁས་ལེན་བྱས་ཚད་ཞིག་ཏུ་སླེབ་པ་བྱ་དགོས་པ་དང་གཅིག ད་ཐེངས་ཀྱི་རྣམ་གྲངས་བྱས་འབྲས་འདི་སྔར་གྱི་འཆར་གཞིའི་བསྟན་དོན་དང་མཐུན་པ་དང་། སླད་ཕྱིན་གྱི་ལས་ཀའི་ནང་ཆེད་ལས་མཁས་དབང་གི་བཟོ་བཅོས་ཀྱི་དགོངས་པ་ལྟར། བཟོ་བཅོས་ནན་ཏན་བརྒྱབ་སྟེ། གང་མགྱོགས་སྤྱི་ཚོགས་ཐོག་ཐོན་ཐུབ་པ་བྱ་དགོས་པ་དང་གཉིས་བཅས་སོ། །