无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའུ་ཡིས་2020ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ།

དུས་ཚོད། 2021-02-10 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ་2ཚེས་8ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའུ་ཡིས་2020ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་ལྗོངས་སྲིད་གཞུང་དོན་གཅོད་ཐིང་དུ་བཅའ་སྡོད་སྒྲིག་བཤེར་ཚོགས་ཆུང་གི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་དང་། ལས་ཁུངས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན(ཅུད་ཀྲང)ནོར་བུས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལས་ཁུངས་སུ་ཡོད་པའི་ཏང་ཙུའི་ཁོངས་མི་ཁག་ཚོགས་འདུར་ཞུགས་ཤིང་། རིམ་གཉིས་སྐོར་ཞིབ་པ་དང་། ལྗོངས་སྲིད་གྲོས་ཨུ་ཡོན་གྱི་འཐུས་མི། རྒན་ཡོལ་ལས་བྱེད་པའི་འཐུས་མི། མང་ཚོགས་ཀྱི་འཐུས་མི། དེ་བཞིན་འབྲེལ་ཡོད་ལས་དོན་མི་སྣ་བཅས་ཟུར་ཞུགས་གནང་བ་རེད།