ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་དགོས་མཁོ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་དགོས་པའི” ཆེད་དོན་སློབ་གསོའི་མཉམ་སྡེབ་སློབ་སྦྱོང་དང་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

དུས་ཚོད། 2021-02-10 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།


ཟླ་2ཚེས་9ཉིན། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་།    ཀྲུའུ་རེན(ཅུད་ཀྲང་) ཆེད་དོན་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ནོར་བུས་གཙོ་སྐྱོང་བྱས་ཏེ་འཚོགས་པའིཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་དགོས་མཁོ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་དགོས་པའིཆེད་དོན་སློབ་གསོའི་མཉམ་སྡེབ་སློབ་སྦྱོང་དང་སྐུལ་སྤེལ་ཚོགས་འདུའི་ཐོག ལས་ཁུངས་ཀྱི་རྫོང་རིམ་པ་ཡན་གྱི་ལས་བྱེད་པ་དང་། ཀྲེ་པུའུ་ཁག་གི་ཨུ་ཡོན། ལས་ཁུངས་ཀྱི་ཆེད་དོན་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་བཅས་ཞུགས་པ་རེད།