无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ལས་བྱེད་ལས་བཟོས་རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་གྱི་ཐད་གཏོང་བརྙན་འཕྲིན་མཉམ་ལྟ་བྱས་པ།

དུས་ཚོད། 2021-02-26 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།


    2021ལོའི་ཟླ་2ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་ གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཐོག་མཉམ་དུ་ཚོགས་ཆེན་གྱི་ཐད་གཏོང་བརྙན་འཕྲིན་བལྟས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་སྟེང་ཀྲུང་ཧྭ་མི་རིགས་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་ཚང་མས་བདེན་དཔང་བྱས་པ་རེད།