ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་སྐོར་གཟིགས་དག་ཐེར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

དུས་ཚོད། 2021-03-22 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།


     ཟླ་3ཚེས་15ཉིན། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ཚོགས་ཆུང་བདུན་པས་སྐོར་གཟིགས་ནང་བཏོན་པའི་གནད་དོན་ཁག་དག་ཐེར་བྱེད་པའི་སྐུལ་སྤེལ་ཚོགས་འདུ་སྐོང་འཚོགས་བྱས་ཏེ་དག་ཐེར་ལས་དོན་ལ་བཀྱར་དུ་སྐུལ་སྤེལ་བྱས་པ་རེད། གཞུང་ལས་ཁང་(ཅུད)ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)། ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་འཇམ་དབྱངས་མཆོག་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། གཞུང་ལས་ཁང(ཅུད)སྐོར་ཞིབ་དག་ཐེར་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ལས་ཁུངས་ཏང་ཨུད་ཀྱི་ཨུ་ཡོན། ཀྲི་པུའུ་ཁག་གི་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས་པ་རེད།