无障碍阅读 关怀版

རང་སྐྱོང་ལྗོངས་ཀྱི་“ཚོགས་འདུ་གཉིས་”ཀྱི་ཡིག་ཆ་ཡིག་སྒྱུར་དང་པར་འདེབས་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ།

དུས་ཚོད། 2022-01-14 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་མདུན་པ་བཟང་པོའི་ཁྲོད། རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་དེ། 2022ལོའི་ཟླ་1པོའི་ཚེས་7ཉིན་ལྷ་སར་མཇུག་སྒྲིལ་བ་རེད། རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་གྲ་སྒྲིག་ཚོགས་ཆུང་གི་བཀོད་སྒྲིག་དང་བླང་བྱ་ལྟར། གཞུང་(ཅུད)ཏང་ཙུའུ་ཡི་ཐད་ཀའི་འགོ་ཁྲིད་འོག ལས་བྱ་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ད་ཐེངས་ཀྱི་བོད་ཡིག་ཡིག་སྒྱུར་དང་པར་འདེབས་ལས་དོན་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

གཅིག་ནས་འགོ་ཁྲིད་ཀྱི་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ། གཞུང་(ཅུད)གི་འགོ་ཁྲིད་གཙོ་བོ་དང་འགན་བགོས་འགོ་ཁྲིད་ཀྱིས“ཚོགས་འདུ་གཉིས་”ཀྱི་ཡིག་ཆ་ཡིག་སྒྱུར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པའི་འགན་བཞེས་ནས། གཅིག་གྱུར་མཐུན་སྦྱོར་དང་ཞིབ་ཕྲའི་ལས་སྒོའི་མཛུབ་ཁྲིད་ཀྱི་ལས་ཀའི་འགན་འཁུར་ཡོད། གཉིས་ནས་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བར་དམིགས་ནས་གཞུང་(ཅུ)གི་ལས་སྒོའི་མི་སྣ་ཡོངས་སྒྲིག་འཛུགས་བྱས་པའི་རྨང་གཞིའི་ཐོགལས་ཁུངས་གཞན་གྱི་ཡིག་སྒྱུར་མཁས་དབང་གདན་ཞུ་དང་གཞི་རིམ་གྱི་ཡིག་སྒྱུར་རྐང་འཛིན་པདག་གཡར་སྤྱོད་བྱས་ནས་ཡིག་སྒྱུར་ལས་མིའི་སྟོབས་ཤུགས་ཆེ་རུ་བཏང་ཡོད། གསུམ་ནས་ལུགས་མཐུན་ངང་མི་སྣ་བཀོད་སྒྲིག་བྱེད་པ་དང་།ལས་ཀའི་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ།འཁོར་རྒྱུག་ལམ་སྲོལལེགས་སུ་གཏོང་བ་བཅས་བྱས་ནས་ཚོགས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ།སྒྱུར་ཞུས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ལས་ཕྱོད་མཐོ་རུ་བཏང་སྟེ་སྒྱུར་ཡིག་གི་སྤུས་ཚད་འགན་ལེན་ཐུབ་པ་བྱས་ཡོད། བཞི་ནས་པར་འདེབས་སྒྲིག་ཆས་སྔོན་ལ་ཚོད་ལྟབྱེད་པ་དང་།མཁོ་དགོས་ཆེ་བའི་རྒྱུ་ཆ་ཉོ་སྒྲུབ།དེ་མིན་རྒྱབ་ཕྱོགས་ཀྱི་ཞབས་ཞུའི་ལས་ཀབཀོད་སྒྲིག་བྱས་ཏེ་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་གི་ལས་དོན་གན་ལ་འཁེལ་ཐུབ་པ་བྱུང་ཡོད།

ཡིག་སྒྱུར་ཚོགས་ཆུང་དང་པར་འདེབས་ཚོགས་ཆུང་གི་ལསབྱ་ཡོངས་ཀྱིས་གཞུང་(ཅུ)ཏང་ཙུའུ་ཡི་བླང་བྱ་དང་ལས་ཀའི་ཇུས་གཞི་གཞིར་བཟུང་ནས།ལས་དོན་ཁག་ནང་ཧུར་ཐག་གིས་ཞུགས་ནས“ཚོགས་འདུ་གཉིས”ཀྱི་ཡིག་ཆ་ཡིག་སྒྱུར་དང་པར་འདེབས་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱ་རྒྱུ་དེ“ཏང་གི་ལོ་རྒྱུས་སློབ་སྦྱོང་”དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱ་རྒྱུར་བརྩིས་ནས་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོའི་ངང་ལེགས་གྲུབ་བྱུང་ཡོདཉིན་20ལྷག་ཙམ་རིང་གི་ལས་ཡུན་འཕར་མ་བྱས་པ་བརྒྱུད།སྲིད་གཞུང་གི་ལས་དོན་སྙན་ཞུལ་སོགས་ཡིག་ཆ་70ལྷག་ཙམ་དང་ཡིག་འབྲུ་ཁྲི་30ཙམ་གྱི“ཚོགས་འདུ་གཉིས”ཀྱི་ཡིག་ཆ་ཡིག་སྒྱུར་དང་ཞུ་དག་བཏང་བ་དང་།ཡིག་ཆ་སྟོང་ཕྲག་8ལྷག་ཙམ་གྱི་དཔར་སྐྲུན་དང་ཁ་སྦྱར་སོགས་ཀྱི་ལས་ཀ་ལེགས་གྲུབ་བྱུང་ཡོདསྐབས་འདིའི་རིང་ང་ཚོས་རང་རྟོགས་ངང་ཚོགས་ཆེན་གྱི་དྲུང་ཡིག་ཚོགས་ཆུང་དང་དུས་ཐོག་ཏུ་འབྲེལ་གཏུག་ཡག་པོ་བྱས་ནས་ནོར་འཚོལ་མེད་པ་དང་སྤུས་ཚད་ལེགསཔོ་བྱུང་ནས“ཚོགས་འདུ་གཉིས”བདེ་བླག་ངང་འཚོག་རྒྱུར་ཕན་འབྲས་མཐོ་བའི་ཡིག་སྒྱུར་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།