无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་2022ལོའི་གཅིག་བསྡུས་སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

དུས་ཚོད། 2022-01-27 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ་1ཚེས་18ཉིནལྗོངས་བོད་སྐད་ཨུ་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་2022ལོའི་གཅིག་བསྡུས་སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། གཞུང་(ཅུད)ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་(ཅུད་ཀྲང་)ནོར་བུས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། གཞུང་(ཅུད)གི་ཁྲུའུ་རིམ་ཡན་གྱི་ལས་བྱེད་པ་ཚོགས་འདུར་ཞུགས་པ

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིཞིས་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གལ་ཆེནགསུང་བཤད་དང་།ཟླ་1ཚེས་7ཉིན་དང་ཟླ་1ཚེས་17ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་རྒྱ་ཆེའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཅུད་ཀྲང་ནོར་བུས་ཇི་ལྟར་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་གཅིག་བསྡུས་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་བའི་ཐད་ནན་བཤད་གནང་དོན།གཅིག་ནས་དུས་ཐོག་ཏུ་སློབ་སྦྱོང་དང་།རྗེས་བསྙེག་གི་སློབ་སྦྱོང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་འབུར་དུ་ཐོན་པ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུའི་གལ་ཆེའི་རང་བཞིན་དང་།དགོས་ངེས་ཀྱི་རང་བཞིན།དགོས་གལ་གྱི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཤུགས་ཆེ་རུ་གཏོང་དགོསགཉིས་ནས་རིགས་གཞུང་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྦྱོང་གི་སྲོལ་བཟང་པོ་བརྟན་པོ་བཙུགས་ཏེདོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་སྦྱངས་པ་གོ་ཆོད་དང་།ཤེས་སྤྱོད་ཟུང་འབྲེལ་བྱས་ནསབསམ་བློར་དྲག་ཆས་སྤྲོས་པ་དང་།ལག་ལེན་ལ་མཛུབ་ཁྲིད།ལས་དོན་སྐུལ་འདེད་གཏོང་བ་བཅས་ཀྱི་ཕན་འབྲས་དངོས་ཐོན་པ་བྱེད་དགོས། གསུམ་ནས་བློ་བསྡུས་དགེ་འཚོལ་བྱས་ནས་སློབ་སྦྱོང་གི་གཞི་རྟེན་རྣམ་པ་གསར་གཏོད་དང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་སློབ་སྦྱོང་གི་དམིགས་བཀར་རང་བཞིན་དང་སློབ་སྦྱོང་གི་དངོས་ཕན་རང་བཞིན་འབུར་དུ་ཐོན་རྒྱུའི་ཐད་ཡར་རྒྱས་གསར་པ་ཐོབ་རྒྱུར་འབད་བརྩོན་བྱེད་དགོསཞེས་གསུངས། །