2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་ཐ་སྙད་གསར་པའི་བཀས་བཅད་ཚོགས་འདུ་འཚོགས་པ།

དུས་ཚོད། 2022-02-14 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་གོ་ལ་ཧྲིལ་པོས་མཐོང་ཆོས་སུ་འགྱུར་བ་དང་ཀུན་གྱིས་རེ་སྒུག་བྱེད་པའི་འཛམ་གླིང་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ཆེན་པོ་ཞིག་ཡིན་ལམིའི་རིགས་མཐུན་སྒྲིལ་དང་མཛའ་བརྩེའི་མཚོན་ཚུལ་ཞིག་ཀྱང་ཡིནཐེངས་འདིའི་ལུས་རྩལ་འགྲན་ཚོགས་དུས་ཐོག་ཏུ་དྲིལ་བསྒྲགས་བྱེད་པ་དང་ལུས་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་རྒྱ་བོད་སྐད་གཉིས་ཀྱི་ཐ་སྙད་གཅིག་གྱུར་དང་ཡང་དག་ངང་བེད་སྤྱོད་ཐུབ་ཆེད།ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཚད་ལྡན་ཁྲུའུ་ཡིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རང་རྟོགས་ངང་ལས་དོན་ཁག་སྒྲུབ་ནསཐ་སྙད་ཚད་ལྡན་གྱི་དུས་ནུས་རང་བཞིན་དང་གཅིག་གྱུར་རང་བཞིན་སྔར་བས་ཡག་པོ་ཡོང་ཆེད2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་ཐ་སྙད་ཀྱི་བཀས་བཅད་ཚོགས་འདུ་དུས་ཐོག་ཏུ་འཚོགས་ཡོད། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་མཆོག་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཟླ་2ཚེས་9ཉིན་གྱི་སྔ་དྲོར། བཀས་བཅད་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁོངས་ཚན་པའི་མཁས་དབང་13གདན་ཞུ་བྱས་ཏེ2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་ཐ་སྙད་ཀྱི་ཆེད་དོནབཀས་བཅད་ཚོགས་འདུ་འཚོགས་པ་རེད། བཀས་བཅད་ཚོགས་འདུའི་ཐོག་མ་ཡིག་ཟོལ་མེད་དང་།བརྗོད་པ་ཡང་དག་པ།མང་ཚོགས་ཀྱིས་གོ་བདེ་ཞིང་ཤེས་སླ་བའི་རྩ་དོན་མཐའ་འཁྱོངས་བྱས་ནས“སྔོག་གཏོད་གཡར་”གྱི་ཡིག་སྒྱུར་བྱེད་ཐབས་བེད་སྤྱད་དེ་གྲོས་བསྡུར་ནན་ཏན་དང་རིགས་འདེད་ཞིབ་ཚགས་བྱས་པ་བརྒྱུད་མཐའ་མཇུག་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་ཐ་སྙད་73གཏན་འབེབས་བྱུང་བ་དང་སྦྲགས།དུས་ཐོག་ཏུ་འབྲེལ་ཡོད་དྲ་ཚིགས་དང་འཕྲིན་ཕྲན་བརྒྱུད་ནས་ཁྱབ་བསྒྲགས་བྱས་ཡོད

ཐེངས་འདིའི་བཀས་བཅད་ཚོགས་འདུ་དུས་ཐོག་ཏུ་འཚོགས་པ་དེས། ཡིག་སྒྱུར་ཚན་པ་དང་གསར་འགྱུར་སྨྱན་སྦྱོར་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་རྣམ་གྲངས་ཀྱི་རྒྱ་བོད་སྐད་གཉིས་ཀྱི་ཐ་སྙད་གཅིག་གྱུར་ཚད་ལྡན་ངང་སྤྱོད་རྒྱུར་སྔར་བས་སྐུལ་འདེད་ཐུབ་རྒྱུ་དང་།གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་གནས་ཚུལ་དང་ལུས་རྩལ་ཤེས་བྱ་དུས་ཐོག་ཏུ་ཡང་དག་ངང་ཤེས་རྟོགས་དང་ཁོང་དུ་ཆུད་པར་ཕན་པ་སྒྲུབ་པ།རྒྱལ་ཁབ་་བློ་ཁ་ཕྱོགས་ཤུགས་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད