无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་2021ལོའི་ལས་སྡོམ་དང་གཟེངས་བསྟོད་ཚོགས་འདུ་འཚོགས་པ།

དུས་ཚོད། 2022-03-21 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ་2ཚེས་28ཉིན། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་2021ལོའི་ལས་སྡོམ་དང་གཟེངས་བསྟོད་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་གཞུང་(ཅུད)གི་2021ལོའི་ཕུལ་བྱུང་གཞུང་ཞབས་པ་དང་། སྔོན་ཐོན་ལས་བྱེད་པ། ཕུལ་བྱུང་ལས་བཟོ་བ་བཅས་ལ་གཟེངས་བསྟོད་བྱས་ཡོད།ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་(ཅུད་ཀྲང་)ནོར་བུས་གཏམ་བཤད་སྤེལ་ནས། གཞུང་(ཅུད)གི་2021ལོའི་ལས་དོན་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། 2022ལོའི་ལོ་འཁོར་མོ་དང་ཉེ་ལམ་གྱི་ལས་དོན་གཙོ་གནད་དག་བཀོད་སྒྲིག་གནང་ཡོད། ཏང་ཙུའུ་ཡི་ཁོངས་མི་དང་རིམ་པ་དང་པོའི་སྐོར་ཞིབ་པ་ཕུར་བུ་བསམ་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། གཞུང་(ཅུད)གི་ལས་བྱེད་པ་ཡོངས་ཚོགས་འདུར་ཞུགས་ཡོད།


ཚོགས་འདུ་བསྟན་དོན། 2021ལོ་གཞུང་(ཅུད)གི་ཡིག་སྒྱུར་ཞབས་ཞུ་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཕྱིན་པ་དང་། རྩོམ་སྒྱུར་ལས་དོན་ཡག་ཐོག་ཡག་བརྩེགས་བྱུང་ཡོད་པ། སྤྱི་ཚོགས་སྤྱོད་ཡིག་གི་ཁོར་ཡུག་དེ་གཙང་བཟོ་བརྟན་པོ་བྱུང་བ། ཐ་སྙད་གསར་འི་བཀས་བཅད་ལས་དོན་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་བ། བོད་སྐད་ཡིག་ཆ་འཕྲིན་ཅན་གྱི་ལས་དོན་མྱུ་གུ་གསར་འབུད་བཞིན་བྱུང་བདཔུང་ཁག་གི་སློབ་གསོ་སྦྱོང་བརྡར་ལ་གཡུར་ཟའི་འབྲས་བུ་སྨིན་པ།  ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ལ་ཕན་འབྲས་བཟང་བོ་ཐོབ་ནས་རང་སྐྱོང་ལྗོངས་དབུ་ཁྲིད་ཀྱི་གཏན་འཁེལ་གང་ལེགས་ཐོབ་ཡོད། དེ་དང་དུས་མཚུངས སློབ་སྦྱོང་གཏིང་ཟབ་བྱས་ནས་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་རང་རྟོགསཀྱིས་དུས་རབས་གསར་་དང་བླང་བྱ་གསར་པ་དང་འཚམ་མཐུན་ཡོང་བ་བྱས་པ། འགན་འཁུར་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་ཐད་ལ་ད་དུང་ཧེ་བག་དང་མི་འདང་བའི་ཆ་ཡོད་ཅེས་བཏོན་ཡོད།

ཚོགས་འདུས་ནན་བཤད་བྱས་དོན། ཐོག་མཐའ་བར་གསུམ་དུ་ཏང་གིས་སྐད་ཡིག་ལས་དོན་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོ་བཅངས་པ་དང་“རྒྱལ་ཁབ་ཀྱི་དོན་ཆེན་”སེམས་ལ་འཛིན་པ། སྔ་ཕྱི་བར་གསུམ་དུ་ཏང་གི་བྱ་ཞག་ལ་བློ་དཀར་བ་དང་ལས་གཅེས་ལས་བཀུར་ཧུར་ཐག་བྱ་རྒྱུ་དང་གཅིགགཞི་རྩའི་བརྗོད་གཞི་གཅིག་བསམ་གཞིག་ནན་ཏན་དང་ནུས་ཤུགས་གང་ཡོད་ཀྱིས་ཐག་གཅོད་བྱེད་དགོས་ཏེ། བོད་སྐད་ཡིག་ལས་དོན་ནི་ཅི་ཞིག་ཡིན་པ་དང་བོད་སྐད་ཡིག་ལས་དོན་གྱིས་ཅི་ཞིག་སྒྲུབ་དགོས་པ། ཇི་ལྟར་བྱས་ནས་བོད་སྐད་ཡིག་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་གཉིས། “གསུམ་པོ་གཅིག་དེ་སྟངས་འཛིན་བྱ་རྒྱུར་ཤུགས་རྒྱག་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་ཐུབ་པར་བསུ་བ་ཞུ་རྒྱུའི་གཙོ་རྐང་དེར་བརྩི་སྲུང་དང་ཞབས་ཞུ་སྒྲུབ་རྒྱུར་དམིགས་ནས། བསམ་གཞིག་དང་ཇུས་འགོད་ཡོད་པའི་སྒོ་ནས་ལས་དོན་སྤེལ་བ་དང་། ཡུན་རིང་བདེ་འཁོད་དང་སྤུས་འབོར་གཉིས་ལྡན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བོད་ལྗོངས་ལས་དོན་གྱི་ལས་འགན་གཙོ་བོ་དེར་བརྩི་སྲུང་དང་ཞབས་ཞུ་སྒྲུབ་རྒྱུར་དམིགས་ནས། འགོ་བཙུགས་ས་ཡག་པོ་ཚོལ་ནས་ཚན་པའི་འགན་ནུས་འདོན་སྤེལ་བྱེད་པའི་ཐབས་ལམ་དང་གཞི་རྟེན་འཚོལ་ཞིབ་ཡང་དག་བྱེད་པ། སྤྱོད་ཚུལ་ལེགས་བཅོས་དང་ལས་ཀ་དོན་འཁྱོལ་དམ་འཛིན་ནན་པོ་གཏིང་ཟབ་སྤེལ་བའི་གོ་སྐབས་གལ་ཆེན་དེ་དམ་འཛིན་བྱས་ནས། སྤྱོད་ཚུལ་སྔར་བས་ལེགས་བཅོས་དང་བྱེད་ཐབས་དོན་ཐོག་འཁྱོལ་ཐུབ་ཡོང་བ། འཇོན་ནུས་མཐོར་འདེགས་ཡོང་བ། ལས་དོན་ཕན་འབྲས་ཆེ་ཡོང་བ་བྱེད་དགོས་པ་དང་གསུམ། ལས་འགན་གཙོ་བོ་འབུར་དུ་ཐོན་པར་བྱས་ནས་སྔོན་ལ་ཇུས་འགོད། ལས་བགོས་མཉམ་ལས། ཞིབ་ཕྲའི་ཐོག་ཤུགས་རྒྱག་དགོས་པ་དང་བཞི། གོང་དཔེ་འོག་སྟོན་མཐའ་འཁྱོངས་གང་ལེགས་བྱེད་རྒྱུ་དང་། ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དོན་འཁྱོལ་བརྒྱད་དང་དཔེ་སྟོན་དྲུག་གི་བླང་བྱ་ལྟར། དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་ལྔ། ཉེ་ལམ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་རེས་དང་རིམས་ནད་སྔོན་འགོག དུས་ཆེན་བདེ་འཇགས་སོགས་ཐད་ཀྱི་ལས་དོན་དམ་འཛིན་ལེགས་འཛིན་བྱས་ནས། བདེ་འཇགས་དང་སྤྱོད་གཙང་འཆམ་མཐུན་ངང་དུས་ཆེན་གཏོང་ཐུབ་པ་བྱེད་དགོས་པ་བཅས་དྲུག་ཡིན།