无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་བུད་མེད་བློ་མཐུན་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་གནས་རྙིང་ལ་ལྟ་སྐོར་བྱས་པ།

དུས་ཚོད། 2022-03-22 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཉེ་ཆར། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ལས་ཁུངས་ཏང་ཨུད་དང་བུད་མེད་ཨུ་ལྷན་གྱིས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་འཛུགས་སྐྲུུན་ལ་སྐུལ་འདེད་གཏོང་རྒྱུ་དང་སྤྱོད་ཚུལ་ལེགས་བཅོས་ལས་ཀ་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། བུད་མེད་བློ་མཐུན་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་ལས་དོན་ཨུད་ཡོན་ལྷན་ཁང་གི་གནས་རྙིང་ལ་ཕྱིན་ནས་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལོ་རྒྱུས་འཕེལ་རིམ་བཤམས་སྟོན་ཁང་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་བོད་སྡོད་འཐུས་མིའི་ཐོག་ཁང་ལ་ལྟ་སྐོར་བྱས་པ་དང་། ཀྲང་ཅིན་ཝུའུ་ལ་སོགས་པའི་གསར་བརྗེ་སྔོན་རབས་པ་དག་གི་མཛད་རྗེས་ལ་རྗེས་དྲན་ཞུས་པ་དང་ཏང་གཤིས་སློབ་གསོ་དང་ལེན་དང་ཏང་ཞུགས་དམ་ཚིག་བསྐྱར་དྲན་བྱས་པ་ཡིན།

ལྟ་སྐོར་དང་སློབ་སྦྱོང་བྱས་པ་བརྒྱུད། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལྷག་བསམ་ཟོལ་མེད་ཀྱིས་གཏན་འཁེལ་གཉིས་སྲུང་སྐྱོབ་དང་། མཐའ་གཅིག་ཏུ་སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད་བྱ་སྤྱོད་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཐུབ་པ་བྱས་ནས། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་མཐར་ཕྱིན་བྱེད་པ་དང་། གསར་བརྗེ་སྔོན་རབས་པ་དག་ལ་སློབ་སྦྱོང་བྱས་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་ནས་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་དང་། ལམ་གཉིས་ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་བཅངས་པ་དང་། དོན་ཆེན་བཞི་ལ་ཞབས་འདེགས་དང་འཛུགས་གཏོད་བཞི་ལ་སྐུལ་འདེད་བཏང་བ། མདུན་གྲལ་དུ་སླེབས་ཐུབ་པ་བཞི་ཧུར་ཐག་སྒྲུབ་རྒྱུ་བཅས་ལ་དམིགས་ནས། རང་གི་ལས་གནས་ཐོག་རྐང་བཙུགས་ཏེ་མཐུན་སྒྲིལ་དང་འབྱོར་ཕྱུག་ཤེས་དཔལ་འཆམ་མཐུན་མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད།