无障碍阅读

དུས་ཐོག་ཏུ་བཀས་བཅད་ཚོགས་འདུ་འཚོགས་ནས་ཐ་སྙད་ཚད་ལྡན་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་བ།

དུས་ཚོད། 2022-03-22 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ལྗོངས་ཏང་ཨུད་དང་གཞུང་(ཅུ)ཏང་ཙུའུ་ཡི་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་རྒྱུའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། ལས་དོན་གྱི་འཕེལ་རིམ་དམ་འཛིན་དང་ལས་ཆོད་མཐོར་འདེགས་ཐུབ་ཆེད། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་ཚད་ལྡན་ཁྲུའུ་ཡིས་སྔོན་ལ་ཇུས་འགོད་བྱས་ཏེ་རང་རྟོགས་ངང་ལས་དོན་ཁག་སྒྲུབ་ནས2022ལོའི་ཟླ་3ཚེས་16ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གི་མཁས་དབང་ཅན་15གདན་ཞུ་བྱས་ཏེ། 2022ལོའི་ཐ་སྙད་འདོན་ཐེངས་བཞི་པའི་བཀས་བཅད་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་མཆོག་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

བཀས་བཅད་གཏན་འཁེལ་ཚོགས་འདུ་དེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཚད་མཐོའི་འགན་འཁུར་གྱི་ལས་དོན་རྣམ་པའི་ཐོག་ནས་མ་ཡིག་ལ་བསྟུན་པ་དང་། ནང་དོན་ཁ་གསལ་བ། བརྗོད་པ་ཡང་དག་པ།གོ་བདེ་ཞིང་ཤེས་སླ་བའི་རྩ་དོན་མཐའ་འཁྱོངས་བྱས་ནས“སྔོག་གཏོད་གཡར་”གྱི་ཡིག་སྒྱུར་བྱེད་ཐབས་བེད་སྤྱད་དེ། ཚོགས་འདུའི་སྔོན་ལ་ཡིག་སྒྱུར་དང་ཐོག་མའི་ཞིབ་བཤེར་གཏན་འཁེལ་བྱས་པའི་རྨང་གཞིའི་ཐོག གྲོས་བསྡུར་ནན་ཏན་དང་རིགས་འདེད་ཞིབ་ཚགསབློ་བསྡུས་དགེ་འཚོལབྱས་པ་བརྒྱུད་མཐའ་མཇུག་སྲིད་ཇུས་རང་བཞིན་དང་ཆེད་ལས་རང་བཞིན་ལྡན་པའི་གཞུང་ཡིག་སྐོར་གྱི་ཆེད་ལས་ཐ་སྙད་དང་རྒན་འཁོགས་མི་སྣ་དག་ལ་ཞབས་ཞུ་སྒྲུབ་པའི་འབྲེལ་ཡོད་ཐ་སྙད་55གཏན་འབེབས་བྱདང་སྦྲགས། དུས་ཐོག་ཏུ་གཙོ་ཆེའི་དྲ་ཚིགས་དང་འཕྲིན་ཕྲན་བརྒྱུད་ནས་ཁྱབ་བསྒྲགས་བྱས་ཡོད

བཀས་བཅད་གཏན་འཁེལ་ཚོགས་འདུ་དུས་ཐོག་ཏུ་འཚོགས་པ་དང་བཀས་བཅད་ཚད་ལྡན་བྱུང་བ་དེསརྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་སློབ་སྦྱོང་བྱེད་པ་དང་བོད་ཡིག་གི་ཐ་སྙད་གསར་པ་ཚད་ལྡན་ཡོང་བར་ཕན་པ་ཡོད་ལ། གཞི་རིམ་མང་ཚོགས་ཀྱིས་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་དམངས་ཕན་སྲིད་ཇུས་ཡང་དག་ངང་ཤེས་རྟོགས་དང་ཁོང་དུ་ཆུད་པར་ཡང་ཕན་པ་ཡོད། དེ་བཞིན། ཡིག་སྒྱུར་ཚན་པ་དང་གསར་འགྱུར་སྨྱན་སྦྱོར་གྱིས་རྒྱ་བོད་སྐད་གཉིས་ཀྱི་ཐ་སྙད་གཅིག་གྱུར་ཚད་ལྡན་ངང་སྤྱོད་རྒྱུར་སྔར་བས་སྐུལ་འདེད་ཐུབ་རྒྱུ་དང་།ཐ་སྙད་ཚད་ལྡན་གྱི་དུས་ནུས་རང་བཞིན་དང་གཅིག་གྱུར་རང་བཞིན་སྔར་བས་མཐོར་གཏོང་ཐུབ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།