ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་འཕྲལ་སྡོམ་ཐག་གཅོད་བྱེད་པའི་སྔོན་ཇུས་ནང་སྦྱོང་བྱས་པ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རྒྱ་ཆེའི་ལས་བྱེད་ལས་བཟོའི་གློ་བུར་དུ་ཐོན་པའི་དོན་རྐྱེན་ཐག་གཅོད་བྱེད་ནུས་མཐོ་རུ་བཏང་སྟེ། གློ་བུར་དུ་ཐོན་པའི་དོན་རྐྱེན་དང་དེ་ལས་བྱུང་བའི་གནོད་འཚེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ཟླ་3ཚེས་17ཉིན། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་འཕྲལ་སྡོམ་ཐག་གཅོད་བྱེད་པའི་སྔོན་ཇུས་ནང་སྦྱོང་བྱས་པ་དང་། གཞུང་(ཅུད)གི་ལས་བྱེད་ལས་བཟོ་དང་བདེ་སྲུང་མི་སྣ་40ལྷག་ཙམ་ནང་སྦྱོང་ནང་ཞུགས་པ་རེད།
ཐེངས་འདིའི་ནང་སྦྱོང་ལ་ནང་དོན་གསུམ་ཡོད་པ་སྟེ། གཅིག་ནི་འགོག་སྲུང་ཡོ་ཆས་བེད་སྤྱོད་ཡག་པོ་བྱེད་པ་དང་། གཉིས་ནི་མེ་གསོད་ཡོ་ཆས་བེད་སྤྱོད་ཡག་པོ་བྱེད་པ། གསུམ་ནི་གཞུང་(ཅུད)གི་ཕྱོགས་བསྡུས་བཅོས་སྒྲིག་གིས་ཐག་གཅོད་བྱེད་པའི་སྔོན་ཇུས་དང་འབྲེལ་ནས་མཉམ་འགུལ་ཤེས་བྱའི་དྲིས་ལན་འདེབས་པ་བཅས་ཚུད་ཡོད། གཞུང་(ཅུད)གི་ཉམས་མྱོང་ཕུན་སུམ་ཚོགས་པའི་དྲག་ཆས་ཉེན་རྟོག་པ་དང་མེ་ཟོན་དམག་ལོག་ལས་སྒྱུར་མི་སྣ་གཉིས་ཀྱིས་ཚང་མར་འགོག་སྲུང་ཡོ་ཆས་དང་མེ་གསོད་ཡོ་ཆས་བེད་སྤྱོད་གཏོང་སྟངས་འགྲེལ་བཤད་བརྒྱབ་སྟེ་ས་ཡུལ་དངོས་ནས་དཔེ་སྟོན་བྱས་ཡོད། གཞུང་(ཅུད)གི་ལས་བྱེད་ལས་བཟོ་པ་དང་བདེ་སྲུང་མི་སྣ་ནང་སྦྱོང་ནང་ཧུར་ཐག་གིས་ཞུགས་ནས། གློ་བུར་དུ་ཐོན་པའི་འཇིགས་སྐུལ་དོན་རྐྱེན་དང་མེ་སྐྱོན་གནས་ཚུལ་སོགས་ལ་ཁ་གཏད་བཅོག་ཐབས་ནང་སྦྱོང་བྱས་པ་དང་། ཚང་མས་འགོག་སྲུང་ཡོ་ཆས་དང་མེ་གསོད་ཡོ་ཆས་བེད་སྤྱོད་ཡང་དག་བྱེད་པར་རྒྱུས་མངའ་ལོན་པ་དང་། གློ་བུར་དུ་ཐོན་པའི་དོན་རྐྱེན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཤེས་རྟོགས་ཐུབ་པ་བྱུང་བ་མ་ཟད། གཞུང་(ཅུད)གི་ལས་བྱེད་ལས་བཟོའི་གློ་བུར་ཐོན་པའི་དོན་རྐྱེན་ལ་ཁ་གཏད་བཅོག་པའི་ནུས་པ་དང་རང་ངོས་འགོག་སྲུང་བྱེད་པའི་འདུ་ཤེས་སྔར་བས་ཆེ་རུ་ཕྱིན་པ་དང་། སླད་ཕྱིན་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་ངང་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་པ་བྱུང་ཡོད།