“3.28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གསར་རྩོམ་ལྷ་མོའི་འཁྲབ་གཞུང་<<ཚེ་རིང་ལྷ་མོ>>ཞེས་པའི་བརྗོད་གཞི་གཙོ་བོའི་ལེ་ཚན་ལ་གཟིགས་པ།

དུས་ཚོད། 2022-04-19 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ད་ལོ་ནི་བོད་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་63འཁོར་བ་དང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་13དེ་ཡིན།  ལོ་རྒྱུས་ཡིད་ལ་བརྟན་པོ་འཇོག་པ་དང་འཚོ་བ་གསར་པར་དྲིན་ཚོར་བ། དུས་རབས་གསར་ར་མདུན་སྐྱོད་ཡར་བརྩོན་བྱེད་ཆེད། གཞུང་(ཅུད)ཏང་ཙུའུ་ཡི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ལས་ཁུངས་ཏང་ཨུད་དང་བུད་མེད་ཨུ་ལྷན། བཟོ་ཚོགས། ན་གཞོན་རིགས་གཞུང་སློབ་སྦྱོང་ཚོགས་ཆུང་བཅས་ཀྱིམཉམ་གཉེར་ཐོག་ཟླ་3ཚེས་28ཉིན་དང་29ཉིན་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ། བོད་ལྗོངས་ལྷ་མོ་ཚོགས་པའི་2022ལོའི་“3.28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་བསུ་བའི་གསར་རྩོམ་ལྷ་མོའི་འཁྲབ་གཞུང་<<ཚེ་རིང་ལྷ་མོ>>ཞེས་པའི་བརྗོད་གཞི་གཙོ་བོའི་ལེ་ཚན་ལ་གཟིགསཔ་རེད

འཁྲབ་གཞུང་ལྟ་བའི་བརྒྱུད་རིམ་ཁྲོད།  ཚང་མས་ཚེ་རིང་ལྷ་མོས་མཚོན་པའི་བོད་ལྗོངས་རྙིང་བའི་དམའ་རིམ་ངལ་རྩོལ་མི་དམངས་རྣམས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག སྐྱོ་སྡུག་གི་མི་ཚེའི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ལ་ཕྱོགས་པའི་དངོས་ཡོད་གཏམ་རྒྱུད་དེའི་ཐོག་ནས། ཀྲུང་གོ་གུང་ཁྲན་ཏང་གིས་བོད་རིགས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གངས་ལྗོངས་ས་མཐོར་ཆེས་རྒྱ་ཆེ་བ་དང་། ཆེས་གཏིང་ཟབ་པ། ཆེས་གསོན་ཉམས་ལྡན་པ། ཆེས་རླབས་ཆེ་བའི་གསར་བརྗེ་འཛུགས་སྐྲུན་དང་བཅོས་སྒྱུར་གོང་འཕེལ་ལག་བསྟར་བྱས་ཏེ། བོད་ལྗོངས་དེ་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་གོང་འཕེལ། དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་འབྱེད་ཕྱོགས་སུ་སྐྱོད་ཐུབ་པ་བྱུང་ཡོད་ལ། བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། འཛམ་གླིང་གི་ཡང་རྩེ་སྟེང་དུ་དུས་ཐུང་ལོ་བཅུ་ཕྲག་གི་ནང་ལ་ལོ་ངོ་སྟོང་ཕྲག་ལས་བརྒལ་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་གསར་གཏོད་བྱས་ཡོད་པ། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་མེད་ལ། བོད་ལྗོངས་སྤྱི་ཚོགས་ཀྱི་དར་རྒྱས་ཡར་ཐོན་དང་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཡང་ཡོད་མི་སྲིད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དངཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ན་གཞི་ནས་བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོད་པ་ལ་ངོས་འཛིན་བྱུང་ཡོད།

ཐེངས་འདིའི་བྱེད་སྒོ་བརྒྱུད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས། ལོ་རྒྱུས་ཡིད་ལ་བརྟན་པོ་བཅངས་པ་དང་། མ་འོངས་གསར་འབྱེད། རླབས་ཆེའི་ཏང་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་”དང་“ལམ་གཉིས་ཀྱི་སྙིང་སྟོབས་”རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྤྱོད་ཚུལ་ལེགས་བཅོས་དང་ལས་དོན་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་རྒྱུ་དེ་གོ་སྐབས་སུ་བཟུང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་འཛུགས་སྐྲུུན་ལ་སྐུལ་འདེད་བཏང་སྟེ། དོན་ཆེན་བཞིར་”དམ་པོར་དམིགས་པའཛུགས་གཏོད་བཞི་”སྐུལ་སྤེལ་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི་”མངོན་གྱུར་ཡོང་བ་བྱས་ནས། འབད་འབུངས་ཡར་བརྩོན་དང་ལས་དོན་ཧུར་ཐག་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་ཡག་པོ་གཏོད་ཆེད་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་ཚོགས་ཐུབ་རྒྱུར་བསུ་བ་ཞུ་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།