无障碍阅读 关怀版

རང་ལྗོངས་ཀྱི་ལོ་ཙཱ་མཐུན་ཚོགས་ཀྱི་འཐུས་མི་ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པར་ཞུགས་པ་རེད།

དུས་ཚོད། 2022-04-19 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ་4ཚེས་1ཉིན། ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའི་ཡན་སུང་དང་། ཀྲུང་གོའི་ཕྱི་ཡིག་ཅུས་ཀྱི་ཅུས་ཀྲང་ཏུའུ་ཀྲན་ཡོན། ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲོའུ་མིང་ཝེ་བཅས་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་པ་དང་། རྒྱལ་སྤྱིའི་ལོ་ཙཱ་བ་མནའ་འབྲེལ་ཀྲུའུ་ཞི་ཁའེ་ཝུན་སྒྲོ་ཁེ་ཡིས་བརྙན་ལམ་བརྒྱུད་དེ་ཤིས་ཚིག་གསུངས། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་དང་ཀྲུང་དབྱང་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་། ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཁྲའེ་ཧྥང་གོ ཀྲུང་གོ་ཕྱི་ཡིག་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་སྤྱིའི་རྩོམ་སྒྲིག་པ་ཀའོ་ཨན་མིང་། ཅུས་ཀྲང་གཞོན་པ་ཡུའུ་ཐོ། ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་བློ་འདྲི་བ་ཐང་ཝུན་ཧྲུན། ཀྲོ་ཁྲང་ཆན། ཀའོ་ཆོ་ཡུང་བཅས་དབུ་ཁྲིད་རྣམས་ཚོགས་ར་གཙོ་བོར་ཞུགས་ཡོད། ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས། ཁེ་ལས་བྱ་གཞག་ཚན་པ། མཐོ་རིམ་སློབ་ཆེན། ཚན་ཞིབ་ལས་ཁུངས་དང་དེ་བཞིན་ཡིག་སྒྱུར་ལས་རིགས་ཀྱི་ཚོགས་མིའི་འཐུས་མི་450ལྷག་ཙམ་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་བརྙན་ལམ་བརྒྱུད་ནས་འཚོགས་པ་རེད།

ཚོགས་འདུའི་ཐོག་ཀྲོའུ་མིང་ཝེ་ཡིས་ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ལས་དོན་སྙན་སྒྲོན་གནང་བ་དང་<<ཀྲུང་གོའི་ལོ་ཙཱམཐུན་ཚོགས་ཀྱི་སྒྲིག་ཡིག>>བཟོ་བཅོས་མ་ཟིན།<<ཀྲུང་གོའི་ལོ་ཙཱམཐུན་ཚོགས་ཀྱི་ཚོགས་མི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས>>ཀྱི་བཟོ་བཅོས་མ་ཟིན་བཅས་ལ་གྲོས་འཆམ་བྱུང་ཡོད། ཚོགས་ཆེན་ཐོག་ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་དང་འགོ་ཁྲིད་བདམས་ཐོན་བྱུང་ཞིང་། ཀྲུང་གོ་ཕྱི་ཡིག་ཅུས་ཀྱི་ཅུས་ཀྲང་ཏུའུ་ཀྲན་ཡོན་ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་།  ཀྲུང་གོ་ཕྱི་ཡིག་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་སྤྱིའི་རྩོམ་སྒྲིག་པ་ཀའོ་ཨན་མིང་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་ལ་བདམས་ཐོན་བྱུང་ཡོད།

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན་(ཅུད་ཀྲང)དང་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་ནོར་བུ། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན་གཞོན་པ་(ཅུད་ཀྲང)ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་བ་ཚེ་རིང་གཡུ་སྒྲོན།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཞུས་ཆེན་ལོ་ཙཱ་བ་དང་ལོ་ཙཱ་མཐུན་ཚོགས་ཀྱི་ལས་འཛིན་ཕུན་ནོར་བཅས་དྲ་ཐོག་ནས་ཚོགས་འདུར་ཞུགས་ལ། ཁོང་རྣམ་པ་ཀྲུང་གོ་ལོ་ཙཱ་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་ལ་བདམས་ཐོན་བྱུང་ཡོད།

ཚོགས་ཆེན་ཐོག་<<2022ལོའི་ཀྲུང་གོའི་ཡིག་སྒྱུར་དང་སྐད་རིགས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་སྙན་ཞུ>>དང་<<2022ལོའི་ཀྲུང་གོའི་ཡིག་སྒྱུར་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་སྙན་ཞུ>>དེ་བཞིན་ <<སྐད་རིགས་མང་པོ་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་བྱས་པའི་གཞི་གྲངས་ཆེ་བའི་ཞབས་ཞུའི་གཞི་རྒྱུའི་གཞི་གྲངས་>>དང་<<ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྐད་ཆ་ཡིག་སྒྱུར་བྱས་པའི་མཐོ་རིམ་ཡིག་མཛོད་འཛུགས་སྐྲུན>> <<མཁས་དབང་བདག་ཐོབ་ཀྱི་ཡིག་སྒྱུར་ཞབས་ཞུའི་ཚད་གཞི>>བཅས་ལས་རིགས་སྐོར་གྱི་ཚད་གཞི་ལྔ་ཁྱབ་བསྒྲགས་བྱས་ཡོད།

ཚོགས་ཆེན་ཐོག་“ལོ་ཙཱའི་རིག་གནས་ཀྱི་ཚེ་གང་གི་གྲུབ་འབྲས་བྱ་དགའ་”དང་“བསླབ་པ་རྒན་པའི་ལོ་ཙཱ་བ་” “ཀྲུང་གོའི་ཕྱིའི་རྒྱལ་ཁོངས་ཀྱི་ལོ་ཙཱ་བ་”དེ་བཞིན་མཐུན་ཚོགས་ཀྱི་རིམས་ནད་སྔོན་འགོག་སྐོར་གྱི་སྔོན་ཐོན་ཚོགས་པ། ཕུལ་བྱུང་ཡན་ལག་ལས་ཁུངས། ཕུལ་བྱུང་ལས་ཁུངས་ཀྱི་ཚོགས་མི། ཕུལ་བྱུང་ཚོགས་པའི་ལས་དོན་པ་བཅས་ཀྱི་གཟེངས་བསྟོད་མིང་ཐོ་སྒྲོག་སྦྱངས་གནང་ཡོད།  བོད་ལྗོངས་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་བ་ཚེ་རིང་གཡུ་སྒྲོན་ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ཕུལ་བྱུང་ཚོགས་པའི་ལས་དོན་པའི་བྱ་དགའ་ལ་བདམས་ཐོན་བྱུང་ཡོད།