无障碍阅读 关怀版

ཕུར་བུ་བསམ་གྲུབ་ཀྱིས་སྣེ་ཁྲིད་དེ་མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་དུ་བོད་སྐད་ཡིག་ལས་དོན་ལ་བརྟག་ཞིབ་བྱས་པ།

དུས་ཚོད། 2022-06-10 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

བོད་སྐད་ཡིག་བེད་སྤྱོད་དང་དོ་དམ་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ཁག་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།རང་སྐྱོང་ལྗོངས་ཏང་སྲིད་དབུ་ཁྲིད་ཀྱི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། བོད་སྐད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་སྐད་གཉིས་སློབ་སྦྱོང་བྱས་ཚུལ་ལ་བརྟག་ཞིབ་བྱེད་པ། གཞི་མཐུན་གྱི་སྐད་ཡིག་ཁོར་ཡུག་ཞིག་སྐྲུན་ནསཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་ཐུབ་རྒྱུར་བསུ་བ་ཞུ་བ་བཅས་བྱེད་ཆེད། ང་(ཅུད)ཏང་ཙུའུ་ཡི་བཀོད་སྒྲིག་ལྟར། ཟླ་5ཚེས་8ཉིན་ནས་23ཉིན་བར། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའུ་ཡི་ཁོངས་མི་དང་རིམ་པ་དང་པོའི་སྐོར་ཞིབ་པ་ཕུར་བུ་བསམ་གྲུབ་ཀྱིས་སྣེ་ཁྲིད་དེ། རྒྱལ་ཁབ་སློབ་གསོ་པུའི་བོད་སྐྱོར་ལས་བྱེད་པ་དང་སྐད་ཡིག་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཤའོ་ཧང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་བོད་སྐྱོར་ལས་བྱེད་པ་དང་བཀས་བཅད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་འབྲུག་ལྷ་གཉིས་ཞུགས་ཀྱི་ལས་དོན་ཚོགས་ཆུང་མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་དུ་བསྐྱོད་ནས། བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་དང་ལས་བྱེད་མང་ཚོགས་ཀྱི་སྐད་གཉིས་སློབ་སྦྱོང་དང་ལས་དོན་ལ་བརྟག་ཞིབ་བྱས་པ་རེད།

ཕུར་བུ་བསམ་གྲུབ་དང་བཅས་པས་བརྟག་ཞིབ་འཆར་གཞིའི་བླང་བྱ་ལྟར། ཟླ་5ཚེས་8ཉིན་ནས་ཟླ་5ཚེས་17ཉིན་བར། མངས་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་དང་། རྩ་མདའ་རྫོང་། སྒར་རྫོང་། རུ་ཐོག་རྫོང་། དགེ་རྒྱས་རྫོང་། སྒེར་རྩེ་རྫོང་། མཚོ་ཆེན་རྫོང་བཅས་རྫོང་ཁག་བདུན་ལ་བསྐྱོད་པ་དང་5ཚེས་17ཉིན་ནས་5ཚེས་23ཉིན་བར། གཞིས་རྩེ་གྲོང་ཁྱེར་གྱི་སྐྱིད་རོང་རྫོང་དང་། དིང་རི་རྫོང་། གཏིང་སྐྱེས་རྫོང་། གམ་པ་རྫོང་། གྲོ་མོ་རྫོང་། ཁང་དམར་རྫོང་བཅས་རྫོང་ཁག་དྲུག་ལ་བསྐྱོད་ཡོད། མངའ་རིས་ས་ཨུད་དང་རྫོང་ཁག་སོ་སོའི་ཏང་གི་ལོ་རྒྱུས་ཞིབ་འཇུག་དང་བོད་སྐད་ཡིག་རྩོམ་སྒྱུར་ལྟེ་གནས། གཞིས་རྩེ་གྲོང་ཁྱེར་དང་རྫོང་ཁག་སོ་སོའི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་གཞོགས་འདེགས་འོག བགྲོད་ལམ་གྱི་ལམ་རྒྱུད་དང་། ང་དང་གྲོང་རྡལ་གྱི་གྲོང་ཚོ་དང་གྲོང་མི་ཨུ་ཡོན་ལྷན་ཁང་། སློབ་གྲྭ། དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་གལ་ཆེའི་མཛེས་ལྗོངས་ཁུལ་ཁག་ལ་གཏིང་ཟབ་བསྐྱོད་དེ ས་ཡུལ་དངོས་ཀྱི་བོད་སྐད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་བེད་སྤྱོད་བྱས་ཚུལ་ལ་ལྟ་ཞིབ་བྱས་ཤིང་དྲིལ་བསྒྲགས་ཀྱི་འཕྲེད་འགེལ་ཡི་གེ་དང་ཚོང་ཁང་གི་སྒོ་བྱང་།མཚོན་རྟགས་དང་སྦྱར་ཡིགཕྱི་རོལ་བརྡ་ཁྱབ།ཚོང་དུད་ཀྱི་མིང་སོགས་ཀྱི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་གཏོང་བར་དམིགས་སུ་བཀར་ནས་ཞིབ་བཤེར་བྱ་པ་དང་   བོད་སྐད་ཡིག་ལས་དོན་ཀྱི་རྩིས་ཁྲའི་དཔྱད་ཡིག་ཀློག་བཤེར་བྱ་པ།སྐད་གཉིས་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཚུལ་ལ་བརྟག་ཞིབ་བྱ་པ། བཞུགས་མོལ་བརྒྱུད་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་པའི་ཁོངས་མི་དང་ཞིང་འབྲོག་མང་ཚོགས། དེ་བཞིན་དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་ཁོང་དུ་ཆུད་ཚུལ་ལ་རྒྱུས་ལོན་བྱས་པདང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཐད་གནས་པའི་དཀའ་ངལ་གཙོ་བོ་བཅས་ཤེས་རྟོགས་བྱས་ཡོད།

བརྟག་དཔྱད་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་གསལ། མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་གྱི་བོད་སྐད་ཡིག་ལས་དོན་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ལ། ཁྱད་ཆོས་དང་གསལ་ཆ་ཅུང་འབུར་དུ་ཐོན་ཡོད་པ་སྟེ། གཅིག་ནས་ཏང་ཨུད་དང་སྲིད་གཞུང་གིས་བོད་སྐད་ཡིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བོད་སྐད་ཡིག་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱ་པ་དང་། བཀོད་སྒྲིག་དང་བཀོད་འདོམས།དོན་འཁྱོལ་བཅས་མཉམ་དུ་བྱས་ནས། འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་བྱས་པ་དང་ལས་བགོས་འགོ་ཁྲིད་ཀྱིས་ཁག་བགོས་དམ་འཛིན་བྱས་པའི་ནུས་ལྡན་གྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོདགཉིས་ནས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་སྔར་བས་ཚད་ལྡན་དུ་བཏང་ཡོད།  དམངས་བདེའི་ཞབས་ཞུ་ལྟེ་གནས་སུ་ཡིག་སྒྱུར་ཞབས་ཞུའི་སྐར་ཁུང་བཙུགས་པ་དང་སྤྱི་ཚོགས་སྤྱོད་ཡིག་གི་ཞབས་ཞུའི་ལྟ་སྐུལ་ལས་དོན་ཚོགས་པ་བཙུགས་པ་སོགས་ཀྱི་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤེལ་བ་བརྒྱུད། མང་ཚོགས་ལ་བློ་འདྲི་དང་དྲིལ་བསྒྲགས། ཡིག་སྒྱུར་སོགས་ཀྱི་ཞབས་ཞུ་སྟབས་བདེ་མཁོ་འདོན་ཧུར་ཐག་བྱས་པ་དང་། སྤྱི་ཚོགས་སྤྱོད་ཡིག་གི་ཆེད་དམིགས་ལྟ་སྐུལ་ཞིབ་བཤེར་ཧུར་ཐག་སྤེལ་ཁར།  ལས་ཡུལ་དངོས་ཀྱི་དག་བཅོས་ལ་མཛུབ་ཁྲིད་ཡག་པོ་བྱས་པར་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད། གསུམ་ནས་རྒྱ་བོད་ཤན་སྦྱར་ཀྱི་སྐད་གཉིས་སློབ་སྦྱོང་གི་དཔྱད་ཡིག་རང་འགུལ་གྱིས་སྒྲིག་བཟོ་དང་ཡིག་སྒྱུར་བྱས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པར་གཞོགས་འདེགས་བྱས་ཏེ། ལས་བྱེད་མང་ཚོགས་ཀྱི་སྐད་གཉིས་སློབ་སྦྱོང་བྱེད་རྒྱུར་ཡར་རྒྱས་བྱུང་བ་དང་། གྲོང་ཚོའི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་གཞོན་དར་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་འབྲེལ་བ་བྱེད་པའི་ནུས་པ་ཡོངས་ཁྱབ་ངང་ཆེ་རུ་ཕྱིན་ཡོད།

ཕུར་བུ་བསམ་གྲུབ་ཀྱིས་མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་གྱི་བོད་སྐད་ཡིག་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ནས། ཉེ་བའི་ལོ་ཤས་རིང་ས་གནས(གྲོང་ཁྱེར)གཉིས་ཀྱི་བོད་སྐད་ཡིག་ལས་དོན་ལ་ཕན་འབྲས་མངོན་གསལ་ཅུང་དོད་ཙམ་ཐོབ་ཅིང་། ཉམས་མྱོང་དང་བྱེད་ཐབས་ཡག་པོ་མི་ཉུང་བ་ཞིག་ཐོབ་ཡོད་པའི་ངོས་འཛིན་བྱས་ཡོདབོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་དོ་དམ་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་། མཐའ་མཚམས་ཞིང་འབྲོག་མང་ཚོགས་ཀྱི་སྐད་གཉིས་སློབ་སྦྱོང་སོགས་ཀྱི་ཐད། ཁོང་གིས་གྲོང་ཁྱེར(ས་གནས)དང་རྫོང་(ཁུལ)གི་བོད་སྐད་ཡིག་ལས་དོན་ཚན་པར་བཞུགས་མོལ་སྤེལ་རེས་དང་མཛུབ་སྟོན་བྱས་ཏེཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་སྐད་ཡིག་ལས་དོན་པར་མཛུབ་ཁྲིད་ཀྱིས ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བརྩིས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ་མཐའ་འཁྱོངས་དང་བོད་སྐད་ཡིག་སློབ་སྦྱོང་དང་གོང་འཕེལ་གཏོང་རྒྱུ་གཉིས་འགལ་མེད་མཉམ་གནས་ཡོང་བར་བྱེད་པ། དོན་ཆེན་བཞི་དང་འགན་ལེན་བཞིཁུལ་གསུམ་ས་མཐོ་གཅིག་འཛུགས་སྐྲུན་བྱེད་རྒྱུར་དམ་པོར་དམིགས་ནས། གོང་འཕེལ་གྱི་རྣམ་པ་གསར་པར་རང་འགུལ་གྱིས་ཞབས་ཞུ་དང་མཉམ་འདྲེས་ཐུབ་པ་བྱེད་པ་དང་། བོད་སྐད་ཡིག་གི་རྩོམ་སྒྱུར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ། བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ། ལས་བྱེད་མང་ཚོགས་ཀྱི་སྐད་གཉིས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། ལས་ཀའི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཅས་བཏང་སྟེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྤུས་ལྡན་འགྲོ་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་དང་གསར་པ་འབུལ་དགོས་ཞེས་བཤད།