无障碍阅读 关怀版

ལྗོངས་ཏང་ཨུད་ཀྱི་གལ་ཆེའི་བྱ་ཐབས་བདེ་ལེགས་ངང་ལེགས་གྲུབ་བྱུང་བ། --- ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁོངས་གཏོགས་སུ“འདུ་ཤེས་གསུམ”གྱི་སློབ་གསོའི་དཔྱད་ཡིག་ཡིག་སྒྱུར་གྱི་ལས་ཀ་གཏིང་ཟབ་སྤེལ་བ།

དུས་ཚོད། 2022-07-25 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ལྗོངས་ཏང་ཨུད་དབུ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་བླང་བྱ་གཞིར་བཟུང་།རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཡོན་དང་ལས་བྱེད་པས་དུས་ཆེན་དང་ངལ་གསོའི་དུས་ཚོད་བེད་སྤྱད་དེ་ལས་ཡུན་འཕར་མ་བྱས་ཏེ དུས་ཡུན་ཉིན་20ལྷག་ཙམ་ནང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་བྱ་ཐབས་བདེ་ལེགས་ངང་ལེགས་གྲུབ་བྱུང་ནས། ལྗོངས་ཡོངས་ཀྱི་ཆོས་ལུགས་ཁོངས་གཏོགས་སུའདུ་ཤེས་གསུམགྱི་སློབ་གསོའི་དཔྱད་ཡིག་ཡིག་འབྲུ་ཁྲི་14ལྷག་ཙམ་ཡིག་སྒྱུར་བྱས་ཡོད

<<ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའིའདུ་ཤེས་གསུམགྱི་སློབ་གསོའི་སྒྲོག་འགྲེལ་གནད་བསྡུས་ཡིག་སྒྱུར་བྱེད་རྒྱུའི་སྐོར་གྱི་བརྡ་ལན>>འབྱོར་རྗེས།གཞུང་ལས་ཁང་(ཅུད)ཏང་ཙུའུ་ཡིས་ཚད་མཐོའི་མཐོང་ཆེན་གནང་བ་དང་།ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན(ཅུད་ཀྲང་)ཀྱིས་སྐབས་འཕྲལ་དུ་མཆན་བཀོད་མཛུབ་སྟོན་གནང་ནས།ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)ཚེ་རིང་གཡུ་སྒྲོན་གྱིས་འགན་གཙོ་བོ་འཁུར་དགོས་པ་དང་།གཞུང་ལས་ཁང་(ཅུད)གི་ནུས་ཤུགས་ཡོད་རྒུ་བཏོན་ནས་འབྲེལ་ཡོད་བླང་བྱ་གཞིར་བཟུང་ལས་དོན་ཁག་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།གཞུང་ལས་ཁང་(ཅུད)གི་འགན་བགོས་འགོ་ཁྲིད་ཀྱི་སྣེ་ཁྲིད་འོགདུས་ཐོག་ཏུ་རྩོམ་སྒྱུར་ཁྲུའུ་གཙོ་རྐང་བྱས་པ་དང་ཁྲུའུ་གཞན་པ་ཁག་གི་ལས་སྒྲུབ་མི་སྣ་ཞུགས་པའི་ཡིག་སྒྱུར་ཆེད་སྒྲུབ་ཚོགས་ཆུང་བཙུགས།བྲེལ་འཚུབ་དང་གོ་རིམ་ལྡན་པའི་ལས་ཀའི་བརྒྱུད་རིམ་ནང་།གཞུང་ལས་ཁང་(ཅུད)གི་ཏང་ཡོན་དང་ལས་བྱེད་པས་ཐེངས་འདིའི་ཡིག་སྒྱུར་ལས་འགན་ལེགས་སྒྲུབ་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་པ་དང་།ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་ཞིབ་དཔྱད་བྱེད་པ་དང་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས།ཆབ་སྲིད་ཀྱི་གོ་རྟོགས་སད་ནུས།ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་དོན་གཉེར་བྱེད་པའི་བཟུང་ནུས་ཞིག་ཏུ་བརྩིས་པ།སྤྱོད་ཚུལ་ལེགས་བཅོས་དང་ལས་ཀ་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པའི་བྱ་སྤྱོད་དངོས་ལ་བརྩིས་རྩོམ་སྒྱུར་མི་སྣའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གང་ལེགས་བྱ་པ་དང་།འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས།མ་ཡིག་ལ་བསྟུན་པ་དང་གོ་བདེ་ཞིང་ཤེས་སླ་བའིརྩ་དོན་ལྟར།སླ་བཅོས་གཏན་ནས་མི་བྱེད་པ་དང་ཡིག་འབྲུ་རེ་རེ་བཞིན་ཡིག་སྒྱུར་དང་ཞུ་དག་བྱས་པ་སྦྲགསདུས་ཐོག་ཏུ་སྒྱུར་ཡིག་དེ་འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནསརང་ལྗོངས་ཀྱིའདུ་ཤེས་གསུམགྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད།