无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས“བོད་རང་སྐྱོང་ལྗོངས་རྒྱ་བོད་སྐད་གཉིས་གྲངས་འཛིན་རིག་མཛོད”འཛུགས་རྒྱུའི་གྲོས་དོན་ཚོགས་འདུ་འཚོགས་པ།

དུས་ཚོད། 2022-08-01 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།


བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཆ་འཕྲིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི<<<བོད་སྐད་ཡིག་ཆ་འཕྲིན་ལག་རྩལ་གསར་སྤེལ་དང་བཀོལ་སྤྱོད་ལས་དོན་གྱི་ལས་འགན་ཁག་བགོས་ཇུས་གཞི>དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ>>འི་དགོངས་དོན་གཞིར་བཟུང་། “བོད་རང་སྐྱོང་ལྗོངས་རྒྱ་བོད་སྐད་གཉིས་གྲངས་འཛིན་རིག་མཛོད”འཛུགས་རྒྱུའི་འབྲེལ་ཡོད་ལས་དོན་སྐུལ་འདེད་རིམ་པ་བསྟར་ཆགས་ཡོང་ཆེད། ཁང་(ཅུད)ཏང་ཙུའུ་ཡི་ལས་དོན་བཀོད་སྒྲིག་ལྟར། 2022ལོའི་ཟླ་7ཚེས་6ཉིན། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས“བོད་རང་སྐྱོང་ལྗོངས་རྒྱ་བོད་སྐད་གཉིས་གྲངས་འཛིན་རིག་མཛོད”འཛུགས་རྒྱུའི་གྲོས་དོན་ཚོགས་འདུ་འཚོགས་ཤིང་། ཁང་(ཅུད)གི་རིམ་པ་དང་པོའི་སྐོར་ཞིབ་པ་ཕུར་བུ་བསམ་གྲུབ་དང་། བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཚན་རྩལ་སློབ་གླིང་གི་གླིང་གཙོ་དང་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས། བོད་ལྗོངས་ཀའོ་ཁྲེ་ཆ་འཕྲིན་ལག་རྩལ་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཀུང་སིའི་ཚོགས་གཙོ་ཚུལ་ཁྲིམས་ནོར་བུ། དེ་བཞིན་ཁང་(ཅུད)དང་བོད་ལྗོངས་ཀའོ་ཁྲེ་ཆ་འཕྲིན་ལག་རྩལ་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི་འབྲེལ་ཡོད་མི་སྣ་ཚོགས་འདུར་ཞུགས་ཡོད། ཁང་(ཅུད)གི་རིམ་གཉིས་སྐོར་ཞིབ་པ་ལྷག་ཆུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

རིམ་གཉིས་སྐོར་ཞིབ་པ་ལྷག་ཆུང་གིས་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཆ་འཕྲིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི<<<བོད་སྐད་ཡིག་ཆ་འཕྲིན་ལག་རྩལ་གསར་སྤེལ་དང་བཀོལ་སྤྱོད་ལས་དོན་གྱི་ལས་འགན་ཁག་བགོས་ཇུས་གཞི>དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ>>འི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཚོགས་ཞུགས་མི་སྣས་ལས་འགན་ཁག་བགོས་ཇུས་གཞི་དང་བོད་རང་སྐྱོང་ལྗོངས་རྒྱ་བོད་སྐད་གཉིས་གྲངས་འཛིན་རིག་མཛོདའཛུགས་རྒྱུའི་ལས་དོན་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། རིམ་པ་དང་པོའི་སྐོར་ཞིབ་པ་ཕུར་བུ་བསམ་གྲུབ་ཀྱིས་ལས་དོན་འདི་ཡག་པོ་སྒྲུབ་རྒྱུར་ཞིབ་ཕྲའི་བླང་བྱ་བཏོན་ཡོད་པ་སྟེ། གཅིག་ནས་ལས་དོན་འདི་ཡག་པོ་སྒྲུབ་རྒྱུའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་ཟབ་མོ་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ། ལྗོངས་ཏང་ཨུད་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ངོས་འཛིན་མཐོ་རུ་གཏོང་བ་དང་བསམ་བློ་གཅིག་གྱུར་ཡོང་བ་བྱེད་དགོས། གཉིས་ནས་ལས་འགན་ལྟར་སྤྱིའི་ཇུས་གཞི་འཆར་འགོད་བྱེད་པ་དང་ལས་དོན་ཆེད་སྒྲུབ་ཚོགས་ཆུང་འཛུགས་དགོས། གསུམ་ནས་ལས་བགོས་དང་མཉམ་ལས་ཟུང་འབྲེལ་གྱི་བླང་བྱ་ལྟར། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཤད།

ཞིབ་འཇུག་དང་གྲོས་སྡུར་ནན་གྱིས་བྱས་པ་བརྒྱུད། ཚོགས་འདུའི་ཐོག་འབྲེལ་ཡོད་གནད་དོན་ཁག་ལ་བསམ་འཆར་གཅིག་མཐུན་བྱུང་ཡོད།