无障碍阅读 关怀版

བོད་ལྗོངས་རྟེན་མཛོད་ཁང་གི་རྒྱུན་གཏན་བཤམས་སྟོན་གྱི་བོད་འགྱུར་ཡིག་ཆ་བཀས་བཅད་བྱེད་པའི་ལས་དོན་ལེགས་གྲུབ་བྱུང་བ།

དུས་ཚོད། 2022-08-01 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་དབུ་ཁྲིད་གཙོ་བོའི་མཛུབ་སྟོན་བླང་བྱ་ལྟར། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གིས་བོད་ལྗོངས་རྟེན་མཛོད་ཁང་གི་རྒྱུན་གཏན་བཤམས་སྟོན<<གངས་ལྗོངས་ཀྱི་སྙན་དབྱངས་རིང་མོབོད་ཀྱི་ལོ་རྒྱུས་དང་རིག་གནས>>དང་<<ཉི་མའི་ངོགས་སུ་འཚོ་བའི་མིབོད་ཀྱི་དམངས་སྲོལ་རིག་གནས>>ཞེས་པའི་སྔོན་འགྲོའི་གཏམ་དང་། མཇུག་བྱང་། རིམ་ཁག་གི་ཁྲིད་སྟོན་གྱི་གཏམ་བཅས་དང་དེ་བཞིན་འགྲེམས་སྟོན་རྣམ་གྲངས་ཀྱི་བོད་འགྱུར་ཡིག་ཆ་ཡིག་འབྲུ་ཁྲི3.8ལྷག་ཙམ་གྱི་ཞིབགཏན་ལས་འགན་ལེགས་གྲུབ་བྱུང་ཡོད

ཁང་(ཅུ)གི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ(ཅུ་ཀྲང་གཞོན་པ)ཚེ་རིང་གཡུ་སྒྲོན་དང་། ཁང་(ཅུ)གི་རིམ་གཉིས་སྐོར་ཞིབ་པ་ལྷག་ཆུང་གཉིས་ཀྱིས་སྣེ་ཁྲིད་དང་ཐེ་ཞུགས་འོགརྩོམ་སྒྱུར་ཁྲུའུ་ཡི་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིསརྩོམ་སྒྱུར་མི་སྣའིསྤྱོད་ཚུལ་བཟང་པོ་དར་སྤེལ་གང་ལེགས་བྱས་ཏེལས་ཀ་འཕར་མ་རྒྱུན་མཐུད་བྱས་ཤིང་། འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་ཡིག་ལ་ནན་ཏན་གྱིས་ཞིབ་དཔྱད་བྱས་ནས། བོད་ཡིག་བཀས་བཅད་ཀྱི་བརྒྱུད་རིམ་ཁག་ཡག་པོ་ཡོང་ཐོགབོད་ལྗོངས་རྟེན་མཛོད་ཁང་གིས་པར་རིས་དང་། དངོས་རྫསཡིག་ཚང་སོགས་ཀྱི་རྣམ་པའི་ཐོག་ནས།བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ནང་ཚུན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་རིགས་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གངས་ལྗོངས་ས་མཐོར་ཆེས་རྒྱ་ཆེ་བ་དང་། ཆེས་གཏིང་ཟབ་པ། ཆེས་གསོན་ཉམས་ལྡན་པ། ཆེས་རླབས་ཆེ་བའི་གསར་བརྗེ་འཛུགས་སྐྲུན་དང་བསྒྱུར་བཅོས་གོང་འཕེལ་ལག་བསྟར་བྱས་པ་དང་དེ་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་གསོན་ཉམས་དོད་པོས་འགྲེམས་སྟོན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རིག་གནས་དང་། མི་རིགས་མཐུན་སྒྲིལ། བོད་གསར་རྙིང་གི་རྣམ་པ་གཤིབ་བསྡུར་བཅས་འགྲེམས་སྟོན་གང་ལེགས་བྱེད་པ་བཅས་ལ་གཞོགས་འདེགས་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིཁས་ལེན་ལྔསྔར་བས་ཟབ་ཏུ་འགྲོ་བར་ཁྲིད་སྟོནབྱེད་པ་དང་། སྔ་དེང་གི་དཔྱད་བསྡུར་ལས་བོད་ཀྱི་འཕོ་འགྱུར་ཆེན་པོ་དེ་བས་མྱོང་ཐུབ་ལ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། ལམ་བུ་གསར་པར་འབད་འཐབ་ཀྱིས་སྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་བཞག་ནས།རིག་གནས་ཀྱི་རང་རྟོགས་དང་རིག་གནས་ཀྱི་གདེང་ཚོད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་ཁར། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པར་སྐུལ་མ་གཏོང་བ་དང་། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་འབད་འཐབ་ལྷོད་མེད་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་བསྐྲུན་བྱས་ནས་ཐུན་མོང་ཐོག་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་ཡོང་བར་རྩོམ་སྒྱུར་མི་སྣས་ལེགས་སྐྱེས་ཕུལ་ཡོད།