བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི་ཕུལ་བྱུང་སྒྱུར་རྩོམ་དཔྱད་འདེམས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

དུས་ཚོད། 2022-08-08 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་ཐུབ་རྒྱུར་བསུ་བ་ཞུ་བ་དང་།ཕུལ་བྱུང་སྒྱུར་རྩོམ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་པ།དུས་རབས་གསར་པའི་རང་ལྗོངས་ཀྱི་སྒྱུར་འབྲས་མངོན་པ་བཅས་བྱེད་ཆེད།2022ལོའི་ཟླ་7པའི་ཚེས་18ཉིན།བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི་ཕུལ་བྱུང་སྒྱུར་རྩོམ་དཔྱད་འདེམས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཏེ།ཕུལ་བྱུང་སྒྱུར་རྩོམ་དཔྱད་འདེམས་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད།རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན(ཅུད་ཀྲང)བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ནོར་བུས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།དཔྱད་འདེམས་ཨུ་ལྷན་གྱི་རིགས་གཅིག་མཁས་དབང་ཡོངས་དང་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ལས་སྒྲུབ་མི་སྣ་ཁྱོན་མི་32ཚོགས་འདུར་ཞུགས།ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེན་ཚེ་རིང་གཡུ་སྒྲོན་གྱིས<<བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི་ཕུལ་བྱུང་ཡིག་སྒྱུར་བརྩམས་ཆོས་དཔྱད་འདེམས་ལས་དོན་གྱི་ཇུས་གཞི>>ངོ་སྤྲོད་བྱས་པ་དང་བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི་ཕུལ་བྱུང་སྒྱུར་རྩོམ་དཔྱད་འདེམས་ཞིབ་སྲོལ་གྱི་ཡིག་ཆ་ཚོགས་ཞུགས་མི་སྣར་འགྲེམ་སྤེལ་བྱས་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།རང་ལྗོངས་ཀྱི་རྒྱ་ཆེའི་ཡིག་སྒྱུར་ལས་དོན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་རང་བྱུང་ཚན་རིག་ཤེས་བྱ་ཡིག་སྒྱུར་དང་བརྒྱུད་བསྒྲགས་ཧུར་ཐག་བྱ་པ་དང་།མི་རིགས་ཁག་དབར་འབྲེལ་འདྲིས་དང་སྤེལ་རེས་ཆེ་རུ་བྱས་ཤིང་། མཉམ་འདྲེས་གཏིང་ཟབཡོང་བར་སྐུལ་འདེད་བཏང་བ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི“ཁས་ལེན་ལྔ”ཡི་བསམ་བློ་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱ་པ། <<ཞི་ཀྲུང་ཤུན་གྱི་རིས་རྣམ>> དང་<<ཀྲེང་ཁྲང་ཀུང་>><<ཐོག་ཁང་དམར་པོའི་རྨི་ལམ>>བཅས་ཀྱི་བརྩམས་ཆོས་ཡིག་སྒྱུར་དང་དཔེ་སྐྲུན་ཧུར་ཐག་བྱས་ཏེ་རྒྱ་ཆེའི་ཀློག་པ་པོར་བསམ་པའི་རྒྱག་ཕྱེ་འདོན་སྤྲོད་བཅས་བྱས་ཡོདདུས་མཚུངས་སུ་རང་སྐྱོང་ལྗོངས་ཀྱི་རིག་གནས་ལས་གཞི་གལ་ཆེན<<གླིང་གེ་སར>>རྒྱ་ཡིག་ཏུ་བསྒྱུར་བའི་རྣམ་གྲངས་ལག་ལེན་དུ་བསྟར་ནས། <<གླིང་གེ་སར>>རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་ལ་ཁྱབ་པ་བྱས་ཏེ་བོད་ཀྱི་རིག་གནས་དར་འཕེལ་ཡོང་རྒྱུར་སྐུལ་འདེད་གང་ལེགས་བྱས་ཡོད

ཐེངས་འདིའི་དཔྱད་འདེམས་ནང་ཞུགས་པའི་སྒྱུར་རྩོམ་དག་ནི་2015ལོའི་ཟླ་1པོ་ནས་2021ལོའི་ཟླ་12པའི་རིང་ཡོངས་བསྒྲགས་དཔེ་སྐྲུན་བྱས་པའི་ཡིག་སྒྱུར་བརྩམས་ཆོས་ཡིན་པ་དང་།<<སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རམ་དང་རིམ་པའི་ཀློག་དེབ(2016ལོའི་པར་གཞི)>>བཅས་བསྡོམས་པས་བརྩམས་ཆོས་105བསྡུ་ཤིང་།བརྗོད་བྱ་གཙོ་བོ་ནི་ལོ་རྒྱུས་དང་།རྩོམ་རིགཚན་རྩལ།སྐབས་དོན་ཆབ་སྲིད།སློབ་གསོ་བཅས་དང་འབྲེལ་བ་ཡོད་པས།ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཡིག་སྒྱུར་བྱ་གཞག་ཐད་ཐོབ་པའི་གྲུབ་འབྲས་ཅུང་ཆ་ཚང་བའི་སྒོ་ནས་མཚོན་ཡོད།

ཅུད་ཀྲང་ནོར་བུས་བསྟན་དོན།ལས་དོན་འདི་ནི་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་།ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱས་པ།རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པབཅས་ཀྱི་བྱ་སྤྱོད་དངོས་དང་ཞིབ་ཕྲའི་བྱཐབས་ཡིན་པསཡིག་སྒྱུར་ལས་དོན་གྱིས“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་རྒྱུ་དང་“མདུན་གྲལ་དུ་སླེབས་པ་བཞི”མངོན་འགྱུར་ཧུར་ཐག་བྱེད་པར་བརྩི་སྲུང་དང་ཞབས་ཞུ་དེ་བས་ལེགས་པོ་སྒྲུབ་རྒྱུར་དགེ་མཚན་དང་དོན་སྙིང་ཟབ་མོ་ལྡན་པས།ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་བསམ་བློ་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་བཤད།དེ་མིན།ཅུད་ཀྲང་ནོར་བུས་ནན་བཤད་གནང་དོན། གཅིག་ནས་ཆབ་སྲིད་ཀྱི་ཁྲིད་ཕྱོགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགན་ལེན་བྱེད་དགོས།གཉིས་ནས་བརྗོད་དོན་གཙོ་བོ་འབུར་ཐོན་དང་དྲང་ནུས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།གསུམ་ནས་རིག་གནས་རྒྱུན་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་འཐོན་དགོས།བཞི་ནས་ཡིག་སྒྱུར་གྱི་རྩ་དོན་དང་བླང་བྱ་གཞིར་བཟུང་ནས་དུས་རབས་ཀྱི་ཕུལ་བྱུང་བརྩམས་ཆོས་འདོན་དགོས།ལྔ་ནས་ཆབ་སྲིད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་བཤད།

ཚོགས་འདུ་གྲོལ་རྗེས།དཔྱད་འདེམས་ལས་དོན་གྱི་ཇུས་གཞི་ལྟར།ཚོགས་ཆུང་ཁག་གིས་ཚོགས་འདུ་འཚོགས་ནས་དཔྱད་འདེམས་ལས་དོན་དེ་དཔྱད་འདེམས་གཟེངས་བསྟོད་ལས་དོན་ཧྲིལ་པོའི་ཁྲོད་ཀྱི་གོང་འོག་མཐུད་འབྲེལ་གྱི་གལ་ཆེའི་རིམ་པ་ཞིག་ལ་བརྩིས་ཏེ།དཔྱད་འདེམས་བརྒྱུད་རིམ་ནན་དུ་བཏང་བ་དང་།དཔྱད་འདེམས་ཞིབ་སྲོལ་ཞིབ་ཕྲ་བཟོས་པ།དཔྱད་འདེམས་ལས་འགན་ཁ་གསལ་བཟོས་པ།དཔྱད་འདེམས་ཀྱི་སྤུས་ཚད་དང་དུས་བཅད་ཀྱི་བླང་བྱ་བཏོན་པ།དཔྱད་འདེམས་ལས་དོན་གྱི་ལས་འགན་བཀོད་སྒྲིག་བཅས་བྱས་པ་རེད།