无障碍阅读 关怀版

<<རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)>>གནང་བའི་མཛད་སྒོ་ཉིང་ཁྲིར་འཚོགས་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་མཛད་སྒོར་ཞུགས།

དུས་ཚོད། 2022-08-08 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ་7པའི་ཚེས་29ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་ཀྱིས་གཙོ་གཉེར་གནང་བ་དང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གཉིས་ཀྱིས་སྒྲུབ་འགན་ཁུར་བའི<<རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)>>གནང་བའི་མཛད་སྒོ་ཉིང་ཁྲིར་འཚོགས་པ་རེད།

རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་མཛད་སྒོར་ཞུགས་པ་དང་སྦྲགས་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག(ཚན་པ)དང་། དགོན་པའི་དོ་དམ་ཨུ་ལྷན་གྱི་འཐུས་མི། དགོན་སྡེའི་གྲྭ་བཙུན་གྱི་འཐུས་མི་བཅས་ལ་ཚིག་མཛོད་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེན་གཞོན་པ་ཆོས་དར་གྱིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི། བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དཔའ་ཐར་གྱིས་ཤིས་ཚིག་ཕུལ་བ། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན(ཅུད་ཀྲང་)ནོར་བུས་ཚིག་མཛོད་ཀྱི་རྩོམ་སྒྲིག་བརྒྱུད་རིམ་དང་ཁྱད་ཆོས་གཙོ་བོ་ངོ་སྤྲོད་བྱས།

པའ་ཐར་གྱིས་ཤིས་ཚིག་གནང་དོན། སྐད་དང་ཡི་གེ་ནི་རིག་གནས་རྒྱུད་འཛིན་གྱི་གཞི་རྟེན་ཡིན་ལ། རྒྱལ་ཁབ་དར་རྒྱས་ཡོང་བའི་རྩ་བ་ཡིན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་མཐའ་འཁྱོངས་བྱས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་། ཕྱོགས་ཡོངས་ནས་མི་རིགས་ཁག་དབར་འབྲེལ་འདྲིས་དང་སྤེལ་རེས་ཆེ་རུ་བྱས་ཤིང་། ཉམ་འདྲེས་གཏིང་ཟབཡོང་བར་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་མི་དམངས་ཀྱི“གདེང་ཚོད་བཞི”སྔར་བས་བརྟན་དུ་སོང་བ་དང་། “ཁས་ལེན་ལྔ”ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད་ཅེསགསུངས། ཁོང་གིས་གསུངས་དོན། ཉིང་ཁྲི་གྲོང་ཁྱེར་གྱིས་ཐེངས་འདིའི<<རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར) >>གནང་བའི་མཛད་སྒོ་དེ་འགོ་ཚུགས་ས་གསར་པ་ཞིག་ཏུ་བརྩིས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏིང་ཟབ་གཏོང་ཞིང་། སློབ་གྲྭསློབ་གསོའི་རྨང་གཞིའི་འཐབ་སའི་ནུས་པ་དང་། ཏང་སྲིད་ལས་ཁུངས་ཀྱི་སྣེ་ཁྲིད་ནུས་པ། གསར་འགྱུར་སྨྱན་སྦྱོར་གྱི་དཔེ་སྟོན་ནུས་པ། སྤྱི་པའི་ཞབས་ཞུ་ལས་རིགས་ཀྱི་སྒེའུ་ཁུང་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ནས། ཁྱབ་གདལ་གཏོང་བའི་ཆུ་ཚད་དང་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། ཞིང་འབྲོག་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཞི་རྩའི་ཆ་ནས་ཁྱབ་གདལ་ཡོང་བའི་དམིགས་ཚད་མགྱོགས་མྱུར་ངང་མངོན་འགྱུར་ཡོང་བ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་ཐུབ་རྒྱུར་བྱ་སྤྱོད་དངོས་ཀྱི་ཐོག་ནས་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས

ནོར་བུས་ངོ་སྤྲོད་གནང་དོན། <<རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤནསྦྱར) >>ཀྱི་རྩོམ་སྒྲིག་ལས་དོན་དེ་2019ལོར་མགོ་བརྩམས་ཤིང་། ང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་སློབ་གསོ་པུའུ་སྐད་ཡིག་དཔེ་སྐྲུན་ཁང་།ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་ཐུན་མོང་ཐོག་རྩོམ་སྒྲིག་དང་ཡིག་སྒྱུརབཀས་བཅད་བཅས་བྱས། དུས་ཡུན་ལོ་གསུམ་རིང་གི་འབད་བརྩོན་བྱས་པ་བརྒྱུད། ད་ལོའི་ཟླ་6པའི་ཟླ་མཇུག་ཏུ་དངོས་སུ་པར་འགྲེམས་བྱས་པ་རེད། ཚིག་མཛོད་འདིས<<དེང་རབས་རྒྱ་ཡིག་ཉེར་སྤྱོད་བཀས་བཅད་ཚིག་མཛོད>>(2019ལོའི་དཔར་གཞི) མ་ཕྱིར་བྱས་ནས། <<སྤྱི་སྤྱོད་བཀས་བཅད་རྒྱ་ཡིག་རེའུ་མིག>>ཁྲོད་ཀྱི་རྒྱུན་བཀོལ་ཡི་གེ་3500དང་།<<འོས་འགན་སློབ་གསོའི་རྒྱུན་བཀོལ་ཐ་སྙད་རེའུ་མིག(མ་ཟིན) >>ཁྲོད་ཀྱི་ཐ་སྙད་11000ལྷག་བསྡུས་ཤིང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བཀས་བཅད་ཚད་གཞི་ལག་བསྟར་ནན་མོ་བྱས་པ་དང་། བོད་ཡིག་ཤན་སྦྱར་དེ་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དང་སྐད་ཆའི་ལུགས་བཞིན་བརྩི་སྲུང་ནན་པོ་བྱས་ཐོག རྨང་གཞི་རང་བཞིན་དང་གོ་ཆོད་རང་བཞིན། ཚད་ལྡན་རང་བཞིན། བསམ་བློ་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་ལ། བཀོལ་སྤྱོད་མཁན་གྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙིགས་སུ་བཟུང་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིསའཛུགས་གཏོད་བཞིརསྐུལ་འདེད་དང་མདུན་གྲལ་དུ་སླེབས་པ་བཞིཡོང་བར་འབད་བརྩོན་བྱས་ཡོད་ཞེས་བཤད།

རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལུའོ་ཅུན་དང་། ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུད་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཟླ་བ། ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གི་གྲོང་སྤྱི་གཞོན་པ་གཡུ་སྒྲོན་དང་དེ་བཞིན་ཉིང་ཁྲི་གྲོང་ཁྱེར་ལས་ཁུངས་ཀྱི་ལས་བྱེད་པ། མང་ཚོགས། གྲྭ་བཙུན་སོགས་ཀྱི་འཐུས་མི་140མཛད་སྒོར་ཞུགས་ཡོད།