无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་ཧྲང་ཧའེ་སློབ་གསོའི་མཉེན་ཆས་གོང་འཕེལ་ཚད་ཡོད་ཀུང་སི་གཉིས་ཀྱིས་བརྙན་ལམ་ཚོགས་འདུ་འཚོགས་པ།

དུས་ཚོད། 2022-11-16 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

2022ལོའི་ཟླ་11ཚེས་14ཉིན། ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དང་ཧྲང་ཧའེ་སློབ་གསོའི་མཉེན་ཆས་གོང་འཕེལཚད་ཡོད་ཀུང་སི་གཉིས་ཀྱིས་བརྙན་ལམ་ཚོགས་འདུ་འཚོགས་ཏེ།མི་སྣ་གསོ་སྦྱོང་མུ་མཐུད་དུ་སྤེལ་རྒྱུ་དང་ཆ་འཕྲིན་ཅན་་སྐུལ་འདེད་གཏོང་བ་སོགས་ཀྱི་འབྲེལ་ཡོད་ལས་དོནཕྱོགས་ལ་འབྲེལ་མཐུད་ཞིབ་འཇུག་གནང་བ་རེད།ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་(ཅུད་ཀྲང་)ནོར་བུ། ཏང་ཙུའི་ཁོངས་མིརིམ་པ་དང་པོའི་སྐོར་ཞིབ་པ་ཕུར་བུ་བསམ་གྲུབ། རིམ་པ་གཉིས་པའི་སྐོར་ཞིབ་པ་ལྷག་ཆུང་བཅས་འབྲེལ་ཡོདའགོ་ཁྲིད་དང་ཧྲང་ཧའེ་སློབ་གསོའི་མཉེན་ཆསགོང་འཕེལཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀུའོ་ཡུང་ཅིན་བཅས་ཚོགས་འདུར་ཞུགས།

གཞུང་(ཅུད)གིའགོ་ཁྲིད་ཀྱིས་བསྟན་དོན།  འདི་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་སྐོང་འཚོགས་བྱས་རྗེས་ཕྱོགས་གཉིས་ཀས་མཉམ་དུ་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་ཡིན་ལ། ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཨུ་ལྷན་དང་ཧྲང་ཧའེ་གྲོང་ཁྱེར་སྐད་ཨུད་གཞུང་ལས་ཁང་། ཧྲང་ཧའེ་སྒོ་འབྱེད་སློབ་ཆེན།ཧྲང་ཧའེ་སློབ་གསོའི་མཉེན་ཆས་གོང་འཕེལ་ཚད་ཡོད་ཀུང་སི་བཅས་ཀྱིས་ལོ་མང་རིང་མི་སྣ་གསོ་སྦྱོང་དང་ཆ་འཕྲིན་ཅན་གྱི་ལས་དོན།དྲ་ཚུགས་འཛུགས་སྐྲུན་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་་དང་། ལྷག་དོན་དུ་ཧྲང་ཧའེ་ཕྱོགས་ཡོངས་ནས་ལས་སྒོ་སླར་གསོ་བྱུང་བའི་ཉིན་དང་པོར་དུས་ཐོག་ཏུ་གཞུང་(ཅུད)དང་འབྲེལ་བ་བྱས་ཏེ་བརྙན་ལམ་ཚོགས་འདུ་འཚོག་པ་འདིས་ཧྲང་ཧའེ་འབྲེལ་ཡོད་ཐད་ནས་བོད་ཀྱི་འབྲེལ་ཡོད་ལས་དོན་ཁག་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད་ཞེས་བཤད། ད་ལོར་ཧྲང་ཧའེ་དང་ལྷ་ས་གཉིས་ཀར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པསསླད་ཕྱིན་ཕྱོགས་གཉིས་ཀས་འབྲེལ་མཐུད་མཉམ་ལས་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་རྒྱག་་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཐ་དག་སེལ་གང་ཐུབ་བྱས་ཏེ་འབྲེལ་ཡོད་ལས་ཁག་ཡག་པོ་སྒྲུབ་རྒྱུའི་རེ་བ་ཡོད་ཅེས་གསུངས

གཅིག་ནསགསོ་སྦྱོང་འཛིན་གྲྭ་མུ་མཐུད་དུ་ལེགས་པོ་གཉེར་དགོས་པ་དང་ལྷག་དོན་དུ་ས་གནས་དང་གྲོང་ཁྱེར་ཁག་གི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གསོ་སྐྱོང་སྦྱོང་བརྡར་ནང་ཧུར་ཐག་གིས་ཞུགས་འདོད་ཀྱི་བློ་ཞིག་དགོས་པ་དང་།  དུས་ཚོད་འོས་མཚམས་སྐབས་དྲ་མིན་གསོ་སྦྱོང་སྤེལ་བ་དང་། དགོས་ངེས་སྐབས་དྲ་ཐོག་གི་གསོ་སྐྱོང་སྦྱོང་བརྡར་སྤེལ་ནས་རིམས་ནད་ཁྱད་བསད་བྱས་ཏེ་མི་ལེགས་པའི་ཆ་སེལ་ཐབས་བྱེད་དགོས། གསོ་སྦྱོང་བཀོད་སྒྲིག་བྱེད་ཕྱོགས་ཐད། ཕྱོགས་གཉིས་ཀས་གསོ་སྦྱོང་མི་སྣའི་རྨང་གཞི་ཤེས་བྱ་དང་ལག་ལེན་ནུས་པ། གསོ་སྦྱོང་གི་དུས་ཡུན་རིང་ཐུང་སོགས་ཀྱི་དགོས་མཁོ་ལ་གཞིགས་པ་དང་།  གསོ་སྦྱོང་ནང་དོན་ཇུས་འགོད་དང་མཁས་དབང་གདན་ཞུ། གསོ་སྦྱོང་དུས་ཚོད་གཏན་འཁེལ་བཅས་ཀྱི་ཕྱོགས་ནས་མཐུན་སྦྱོར་གང་ལེགས་བྱེད་དགོས། ལྗོངས་ཕྱི་རུ་འཛིན་གྲྭ་གཉེར་བ་དང་རང་ལྗོངས་ནས་མི་སྣ་བདམས་ཏེ་ཧྲང་ཧའེ་རུ་སློབ་སྦྱོང་བྱེད་པ་སོགས་ཀྱི་གསོ་སྐྱོང་སྦྱོང་བརྡར་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ཐོག གསོ་སྐྱོང་སྦྱོང་བརྡར་གྱི་དམིགས་སའི་རང་བཞིན་དང་ལག་ལེན་རང་བཞིན། ཕན་འབྲས་རང་བཞིན་བཅས་ཆེ་རུ་གཏོང་དགོས་ཞེས་གསུངས

གཉིས་ནས། གཞུང་(ཅུད)གི་འགོ་ཁྲིད་ཀྱིས་ཆ་འཕྲིན་ཅན་གྱི་ལས་དོན་ཐད་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་བྱུང་བ་དང་དུས་བབ་གསར་པའི་བླང་བྱ་དང་གང་ལེགསབསྟུན་སྟེ། འབྲེལ་ཡོད་མི་སྣ་ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་ནུས་པ་མཐོར་འདེགས་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་བོད་སྐད་ཡིག་དྲ་ཚུགས་རིམ་སྤར་ལེགས་སྒྱུར་དང་བོད་སྐད་སྦྱོང་བ་ཞེས་པའི་མ་ལག་རིམ་སྤར་ལས་ཀ་ཡག་པོ་སྒྲུབ་པ། བོད་སྐད་ཡིག་དུས་དེབ་ཆ་འཕྲིན་ཅན་དུ་འགྱུར་བའི་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་བཅས་ཚུད་ཡོད་པ་དང་། དེ་མིན། དྲ་ཚུགས་ྱི་ྱད་ཆོསསྔར་བས་འབུར་ཐོནདང་བྱེད་ནུས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དང་དྲ་ཚུགས་འཁོར་སྲུང་གི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས།

དེ་མིན། ཧྲང་ཧའེ་སློབ་གསོའི་མཉེན་ཆས་གོང་འཕེལ་ཀུང་སིས་གཞུང་(ཅུད)གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བཏོན་པའི་དགོས་མཁོ་དང་བླང་བྱར་ཚད་མཐོའི་མཐོང་ཆེན་གནང་བ་དང་ལན་འདེབས་ཧུར་ཐག་བྱས་ནས། ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཨུ་ལྷན་དང་ཧྲང་ཧའེ་གྲོང་ཁྱེར་སྐད་ཨུད་གཞུང་ལས་ཁང་། ཧྲང་ཧའེ་སྒོ་འབྱེད་སློབ་ཆེན་བཅས་ཀྱི་རྒྱབ་སྐྱོར་འོག བྱ་ཐབས་སྣ་མང་དང་ནང་དོན་མང་བའི་ཐབས་རྣམ་ལ་བརྟེན་ནས། གསོ་སྦྱོང་ནང་གཅིག་བསྡུས་འཛིན་གྲྭ་དང་རྒྱུན་རིང་འཛིན་གྲྭ་(དྲ་ཐོག)སོགས་རིགས་འདྲ་མིན་བཙུགས་ཆོག ཆ་འཕྲིན་ཅན་གྱི་ཐད་བཀོལ་སྤྱོད་རང་བཞིན་དང་ཞིབ་འཇུག་རང་བཞིན་བཅས་ཀྱི་རེ་བ་ལྟར་སློབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱས་ཏེ་འབྲེལ་ཡོད་དགོས་མཁོ་སྐོང་གང་ཐུབ་བྱེད་པ་དང་། སླད་ཕྱིན་ད་རུང་དྲ་ལམ་སློབ་སྦྱོང་གི་ལས་སྟེགས་བསྐྲུན་རྒྱུར་བསམ་བློ་བཏང་ནས། དགོས་མཁོ་ལྟར་ནང་དོན་མི་འདྲ་བ་བཀོད་སྒྲིག་བྱེད་པ་དང་འབྲེལ་ཐད་གཏོང་དང་དྲ་ལམ་སློབ་ཁྲིད་སོགས་ཀྱི་སློབ་སྦྱོང་བྱེད་ཐབས་མི་འདྲ་བ་བེད་སྤྱད་པ། དྲ་གས་སུའང་ཐད་ཀར་སྦྲེལ་མཐུད་ཆོག་པ་བཅས་བྱས་ནས་གསོ་སྐྱོང་སྦྱོང་བརྡར་གྱི་དམིགས་སའི་རང་བཞིན་དང་སྟབས་བདེ་རང་བཞིན་ཆེ་རུ་གཏོང་བ་དང་རིམས་ནད་ཀྱི་འགོག་རྐྱེན་སེལ་རྗེས་སུ། ཆ་འཕྲིན་ལག་རྩལ་ཚོགས་པ་ཕན་ཚུན་འགྲོ་འོང་སྤེལ་རེས་ཕྱོགས་ལ་བསམ་བློ་བཏང་ནས། ཆ་འཕྲིན་ཅན་གྱི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་ཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད

གསུམ་ནསཕྱོགས་གཉིས་ཀས་མཉམ་ལས་གྲོས་དོན་ཡིག་ཆའི་ནང་དོན་ཕྱོགས་བསྡུས་དང་གསར་སྒྱུར་ཐད་ལ་མཐུན་སྦྱོར་གང་ལེགས་བྱས་ཏེ། འོས་ཚམ་གྱི་དུས་ཚོད་ནང་ཕན་ཚུན་བར་འགྲོ་འོང་བྱས་ནས་མཉམ་ལས་ཀྱི་ཆུ་ཚད་སྔར་བས་ཇེ་མཐོ་གཏོང་རྒྱུ་དང་། མཉམ་དུ་བོད་སྐད་ཡིག་དང་ཆ་འཕྲིན་ཅན་གྱི་འབྲེལ་ཡོད་ལས་དོན་སྤུས་ཚད་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།