无障碍阅读 关怀版

རང་སྐྱོང་ལྗོངས་ཀྱི་2023ལོའི་“ཚོགས་འདུ་གཉིས་”ཀྱི་ཡིག་ཆ་ཡིག་སྒྱུར་དང་པར་འདེབས་ཀྱི་ལས་འགན་བདེ་ལེགས་ངང་ལེགས་འགྲུབ་བྱུང་བ།

དུས་ཚོད། 2023-01-20 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

2022ལོའི་ཟླ་12པའི་ཚེས་15ཉིན་དང་2023ལོའི་ཟླ་1པོའི་ཚེས་10ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ་འཚོགས་པ་ནས་བཟུང་། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའུ་ཡིས་ཚད་མཐོའི་མཐོང་ཆེན་གནང་བ་དང་།རང་སྐྱོང་ལྗོངས་ཀྱི་2023ལོའི་“ཚོགས་འདུ་གཉིས་”ཀྱི་ཡིག་ཆ་ཡིག་སྒྱུར་དང་པར་འདེབས་ལས་འགན་ལེགས་འགྲུབ་ཡོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ། ཁང་(ཅུད)ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་(ཅུད་ཀྲང་)ནོར་བུས་དུས་ཐོག་ཏུ་འབྲེལ་ཡོད་མི་སྣ་སྐོང་ཚོགས་བྱས་ནས་རང་སྐྱོང་ལྗོངས་ཀྱི་2023ལོའི་“ཚོགས་འདུ་གཉིས་”ཀྱི་ཡིག་ཆ་ཡིག་སྒྱུར་དང་པར་འདེབས་ལས་དོན་སྐུལ་སློང་ཚོགས་འདུ་ཚོགས་པ་རེད། ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་(ཅུད་ཀྲང་གཞོན་པ)ཚེ་རིང་གཡུ་སྒྲོན་གྱིས་སྣེ་ཁྲིད་དེ་གཙོ་འགན་འཁུར་རྒྱུ་དང་། ཁང་(ཅུད)གི་ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་ཀ་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་རྒྱུ་གསལ་སྟོན་བྱས་པ་མ་ཟད། དུས་ཐོག་ཏུ་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་དང་། འགན་བགོས་འགོ་ཁྲིད་ཀྱིས་ཙུའུ་ཀྲང་གཞོན་པའི་འགན་བཞེས་གནང་ཐོག རྩོམ་སྒྱུར་ཁྲུའུ་ཡིས་རྐང་འཛིན་བྱེད་པ། ཚན་ཁག་གཞན་དག་གི་ལས་སྒྲུབ་མི་སྣ་དང་། ལྗོངས་ཏང་ཨུད་དོན་གཅོད་ཐིང་གི་ཡིག་སྒྱུར་ཁང་། མཉམ་ཞུགས་གསོ་སྦྱོང་མི་སྣ་དང་དེ་བཞིན་རྫོང་(ཁུལ)ཁག་གཅིག་གི་རྩོམ་སྒྱུར་ཅུད་ཀྱི་ལས་སྒྲུབ་མི་སྣ་བཅས་ཞུགས་པའི་ཡིག་སྒྱུར་ཆེད་སྒྲུབ་ཚོགས་ཆུང་བཙུགས་པ་རེད།

རང་སྐྱོང་ལྗོངས་ཀྱི་2023ལོའི་“ཚོགས་འདུ་གཉིས་”ཀྱི་གྲ་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་བླང་བྱ་གཞིར་བཟུང་། 2022ལོའི་ཟླ་12པའི་ཚེས་10ཉིན་ནས་2023ལོའི་ཟླ་1པོའི་ཚེས་16བར། ཡིག་སྒྱུར་པར་འདེབས་ཆེད་སྒྲུབ་ཚོགས་ཆུང་གིས་དུས་ཚོད་ཐུང་བ་དང་། ལས་འགན་ལྕི་བ། ཚད་གཞི་མཐོ་བ་བཅས་ཀྱི་གནས་ཚུལ་འོག ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དང་ལས་སྒོའི་མི་སྣ་ཉུང་བ་བཅས་ཀྱི་དཀའ་ངལ་ཁྱད་བསད་ཧུར་ཐག་བྱས་ཏེ། སྤྲོ་སེམས་རབ་ཏུ་འཁོལ་བ་དང་དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་ལ་བརྟེན་ནས། བསམ་བློ་གཅིག་གྱུར་དང་། སེམས་མཐུན་སྟོབས་སྒྲིལ། ཚད་མཐོའི་ཐེག་ནུས་ཀྱིས་ཉིན་20ལྷག་ཙམ་རིང་འབད་འཐབ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་2023ལོའི་“ཚོགས་འདུ་གཉིས་”ཀྱི་འགོ་ཁྲིད་ཀྱི་གསུང་བཤད་དང་། <<སྲིད་གཞུང་གི་ལས་དོན་སྙན་སྒྲོན>> དེ་བཞིན་སྙན་ཞུ་གཞན་དག སྐབས་བརྗེའི་ཡིག་རིགས་སོགས་ཡིག་ཆ་གལ་ཆེན་373ལྷག་ཙམ་སྟེ་ཡིག་འབྲུ་ཁྲི་50ཙམ་ཡིག་སྒྱུར་དང་ཡིག་ཆ་6000ལྷག་ཙམ་གྱི་དཔར་སྐྲུན་སྦྱར་འཚེམ་སོགས་ཀྱི་ལས་ཀ་ལེགས་གྲུབ་བྱུང་ཡོད།

བྲེལ་འཚུབ་དང་གོ་རིམ་ལྡན་པའི་ལས་ཀའི་བརྒྱུད་རིམ་ནང་། ཚང་མས་ཐེངས་འདིའི་ཡིག་སྒྱུར་པར་འདེབས་ཀྱི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཧ་ཅང་གལ་ཆེན་ཞིག་ཏུ་བརྩིས་པ་དང་། ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས།ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་སྔར་བས་མཐོ་རུ་གཏོང་བ་བཅས་ཀྱིས་འགན་འཁུར་གསར་པ་མཚོན་པ་དང་། ལས་རྗེས་གསར་པ་སྟོན་པ། ལེགས་སྐྱེས་གསར་པ་ཕུལ་བའི་ལག་ལེན་གལ་ཆེན་ཞིག་ཏུ་བརྩིས་པ། གཟེར་འདེབས་སྙིང་སྟོབས་ཀྱིས་སྤྱོད་ཚུལ་ལེགས་བཅོས་དང་ལས་ཀ་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ཏེ། “དམངས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་པའི་”བྱེད་སྒོ་རྒྱ་སྐྱེད་པ་དང་ཕུན་སུམ་ཚོགས་སུ་ཧུར་ཐག་གཏོང་བའི་བྱ་སྤྱོད་དངོས་ལ་བརྩིས་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག ཚང་མས་ནད་ཀྱིས་མནར་ཞོར་ལས་གནས་བརྟན་སྲུང་བྱས་ནས། རྩོམ་སྒྱུར་མི་སྣའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གང་ལེགས་བྱས་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས། “མ་ཡིག་ལ་བསྟུན་པ་དང་གོ་བདེ་ཞིང་རྟོགས་སླ་བའི”རྩ་དོན་ལྟར། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོའི་སྒོ་ནས་བརྒྱུད་རིམ་ཁག་ཡག་པོ་ཡོང་ཐོག དུས་ཐོག་ཏུ་འགྱུར་ཡིག་ཚོགས་ཆེན་གྱི་དྲུང་ཡིག་ཚོགས་པར་སྤྲད་དེ། རང་སྐྱོང་ལྗོངས་ཀྱི་2023ལོའི་“ཚོགས་འདུ་གཉིས་”རྒྱལ་ཁའི་ངང་སྐོང་ཚོགས་ཐུབ་རྒྱུར་དང་བདེ་ལེགས་ངང་མཇུག་སྒྲིལ་རྒྱུར་ལེགས་སྐྱེས་ཕུལ་ཡོད།