བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་བུད་མེད་བློ་མཐུན་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱས་པ།
“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐེངས་113པར་དྲན་གསོ་གཟབ་རྒྱས་ཞུས་ཏེ། གཞུང་ལས་ཁང(ཅུད)གི་བུད་མེད་ལས་བྱེད་ལས་བཟོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་སྐུལ་མ་དང་མཐུན་སྒྲིལ་བྱེད་ཆེད། ཟླ་3ཚེས་8ཉིན་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ལས་ཁུངས་ཏང་ཨུད་དང་བུད་མེད་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་སྤེལ་རྒྱུ་ཟུང་འབྲེལ་བྱས་ནས་གཞུང་ལས་ཁང་(ཅུད)གི་བུད་མེད་བློ་མཐུན་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱས་པ་རེད།
ལྟ་སྐོར་བྱས་པ་བརྒྱུད། ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་དང་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་སོགས་ལ་སྔར་བས་ཤེས་རྟོགས་བྱུང་བ་དང་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁྱིམ་ཚང་ཆེ་མོ་དང་ཀྲུང་གོའི་མངའ་ཁོངས་ནས་ཁ་བྲལ་དུ་མི་རུང་བའི་ཆ་ཤས་གལ་ཆེན་ཞིག་ཡིན་པར་སྔར་བས་ངོས་འཛིན་བྱུང་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་གནང་ལུགས་སྔར་བས་མྱོང་ཚོར་ཐུབ་པ་མ་ཟད་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བ་ཆེ་རུ་ཕྱིན་པ་རེད།