བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི་ཕུལ་བྱུང་སྒྱུར་རྩོམ་དཔྱད་འདེམས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚོགས་པ།
2023ལོའི་ཟླ་3པའི་ཚེས་23ཉིན། བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི་ཕུལ་བྱུང་སྒྱུར་རྩོམ་དཔྱད་འདེམས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚོགས་པ་དང་། དཔྱད་འདེམས་ཨུ་ལྷན་གྱི་རིགས་གཅིག་མཁས་དབང་21ཚོགས་འདུར་ཞུགས་པ་རེད།
རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན(ཅུད་ཀྲང་) བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ནོར་བུས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་དཔྱད་འདེམས་ཚོགས་ཆུང་ཁག་གི་དཔྱད་འདེམས་ལས་དོན་སྤེལ་ཚུལ་ལ་གསན་པ་དང་། དཔྱད་འདེམས་ཚོགས་ཆུང་ཁག་གིས་འོས་སྦྱོར་བྱས་པའི་བརྩམས་ཆོས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ཁར་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་རེད།