无障碍阅读 关怀版

རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་2023ལོའི་འདོན་ཐེངས་གཉིས་པའི་བཀས་བཅད་ཚོགས་འདུ་ཚོགས་པ།

དུས་ཚོད། 2023-03-28 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་།སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དག་ཅུང་ཚང་བའི་སྒོ་ནས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པ།དོན་འཁྱོལ་བཅས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས།རང་ལྗོངས་ཀྱི་སློབ་སྦྱོང་དང་དྲིལ་བསྒྲགས་དེ་གཞི་རིམ་དང་ཞིང་འབྲོག་ཁུལ།སྡེ་ཁུལ།སློབ་གྲྭཁེ་ལས།དགོན་སྡེ་སོགས་སུ་སྤེལ་བར་གཞོགས་འདེགས་དང་།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དམངས་ཡོངས་ཀྱིས་རྟོགས་པ་དང་མི་སེམས་གཏིང་ལ་འཇགས་ཆེད།2023ལོའི་ཟླ་3པའི་ཚེས་22ཉིན།རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིསབཀས་བཅད་ཚོགས་འདུ་ཚོགས་ནས།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཐ་སྙད་གཙོར་བཟུང་ཐོགའབྲེལ་ཡོད་ཡིག་ཆ་དང་སྤྱི་བསྒྲགས་ཁྲོད་ཐོན་པའི་ཐ་སྙད་གསར་པ་དག་ལ་ཡིག་སྒྱུར་ཚད་ལྡན་ཡོང་བར་བྱས་པ་རེདརང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་མཆོག་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

བཀས་བཅད་ཚོགས་འདུའི་ཐོགཐོག་མཐའ་བར་གསུམ་དུ་རྗེས་འཛིན་སློབ་སྦྱོང་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྦྱོང་བླང་བྱ་མཐའ་འཁྱོངས་བྱེད་པ་དང་།ལྗོངས་ཡོངས་སུ་སྤེལ་བཞིན་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགསལག་བསྟར་བཅས་བྱེད་པའི་ཚ་རླབས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས་ཁྲོད་བྱུང་བ་དང་དེ་བཞིན་ལས་རིགས་གཞན་དག་གི་ཁྱབ་ཁོངས་ནང་ཐོན་པའི་ཐ་སྙད་གསར་པ་དང་གླེང་སྟངས་གསར་པ་དུས་ཐོག་ཏུ་ཡིག་སྒྱུར་ཚད་ལྡན་ཡོང་བ་བྱས་པ་དང་སྦྲགས་དྲ་ཐོག་ནས་ལྗོངས་ཡོངས་ལ་ཁྱབ་བསྒྲགས་ཁྱབ་གདལ་བཏང་བར་བརྟེན།རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོདང་ལག་ལེན་གཏིང་ཟབ་བྱེད་རྒྱུར་ཚད་ལྡན་གྱི་ཡིག་སྒྱུར་ཞབས་ཞུ་མཁོ་འདོན་བྱས་ཡོད