无障碍阅读 关怀版

རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་འབྲེལ་ཡོད་མིང་གསར་ཚིག་དུམ་གྱི་ཡིག་སྒྱུར་ཆེད་དོན་བཀས་བཅད་ཚོགས་འདུ་འཚོགས་པ།

དུས་ཚོད། 2023-04-21 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ལྗོངས་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཡག་པོ་སྤེལ་ཐུབ་ཆེད།བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུ)གི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་བཏོན་པའི“བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཇི་མ་ཇི་བཞིན་ལེགས་སྒྲུབ་བྱེད་པ་དང་ལས་ཀ་དང་ཟུང་འབྲེལ་བྱས་ནས་རང་འདེམས་ལས་ཀ་གསར་གཏོདབྱེད་དགོས་པའི་བླང་བྱ་གཞིར་བཟུང་།རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་གྱིས་ཆེད་དོན་བཀས་བཅད་ཚོགས་འདུ་འཚོགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འབྲེལ་ཡོད་མིང་གསར་ལ་སོགས་པའི་ཐ་སྙད་50ཙམ་གྱི་བོད་འགྱུར་ཐ་སྙད་ལ་བཀས་བཅད་བྱས་པ་རེད། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུ)གི་ཏང་ཙུའི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)བཀས་བཅད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་མཆོག་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

འཇམ་དབྱངས་མཆོག་རྒྱལ་གྱིས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་དང་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ངོས་འཛིན་མཐོར་གཏོང་བྱེད་པལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་ཚོ་ནི་བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་པུའུ་དང་།བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངསབོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་།བོད་ལྗོངས་སློབ་ཆེན་སོགས་འབྲེལ་ཡོད་ཡིག་སྒྱུར་སྡེ་ཚན་གྱི་བསླབ་པ་རྒན་གྲས་དང་། ལས་སྒོའི་རྐང་འཛིན་པ། སྡེ་ཚན་གྱི་འགན་འཁུར་བ་བཅས་ཡིན་པསརང་འགུལ་ངང་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་ཞུགས་པ་དང་།ཁོང་རྣམ་པས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བསྟར་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་རྨང་གཞིའི་ཐོག་བཀས་བཅད་ཨུ་ལྷན་གྱི་ཨུ་ཡོན་གྱི་ནུས་པ་ཧུར་ཐག་བཏོན་ནས་གནད་ལ་འཁེལ་བ་དང་གོ་བདེ་ཤེས་སླའི་ཡིག་སྒྱུར་གྱི་ཞབས་ཞུའི་ལས་དོན་སྤེལ་ཏེ་རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཕན་འབྲས་དངོས་ཐོབ་རྒྱུར་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་གྱི་འབུལ་འོས་པའི་ལེགས་སྐྱེས་འབུལ་ཡོད། 

ད་ཐེངས་ཀྱི་ཆེད་དོན་བཀས་བཅད་ཚོགས་འདུའི་ཐོག་བཀས་བཅད་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་ཚོས“དགོངས་དོན་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན། དེ་བཞིན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་སློབ་སྦྱོང་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན དམིགས་ཚད་གཙོ་བོ་སོགས་ཀྱི་ཆེད་དོན་ཐ་སྙད་དང་ཚིག་དུམ་ཚད་ལྡན་བཟོས་ཏེ་དུས་ཐོག་ཏུ་ལྗོངས་ཡོངས་སུ་སྤྱི་བསྒྲགས་བྱས་ནས་རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་འགྱུར་ཡིག་ཚད་ལྡན་བཟོ་བར་ཞབས་འདེགས་ཞུས་པ་དང་།བཀས་བཅད་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་ཚོསགཏན་འཁེལ་གཉིསཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲུང་སྐྱོང་གཉིསམཐའ་གཅིག་ཏུ་ཐུབ་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་གང་ལེགས་མངོན་ཡོད་ཅེས་གསུངས།