无障碍阅读 关怀版

ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་དབུ་ཁྲིད་གཙོ་བོ་གཞི་རིམ་དུ་བསྐྱོད་དེ་བརྟག་ཞིབ་གནང་བ།

དུས་ཚོད། 2023-05-15 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ་5པའི་ཚེས་8ནས་ཚེས་12ཉིནལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པཀྲུའུ་རེན(ཅུད་ཀྲང་)ནོར་བུ་དང་བཅས་པའི་བརྟག་ཞིབ་ཚོགས་ཆུང་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དང་།ཤན་རྩ་རྫོང་།ཉི་མ་རྫོང་།མཚེའུ་གཉིས་རྫོང་བཅས་སུ་བསྐྱོད་དེ་གཞི་རིམ་སྐད་གཉིས་ལས་སྒྲུབ་པའི་ལས་སྒོའི་ནུས་པའི་གནས་ཚུལ་དངོས་ལ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་ཁྲོད།བརྟག་ཞིབ་ཚོགས་ཆུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ།དེའི་དཀྱུས་སུ་ཡོད་པའི་ལངས་ཕྱོགས་ལྟ་བ་དང་བྱ་ཐབས་བཅས་སྤྱད་དེསྐད་ཡིག་ལས་དོན་གྱི་གཞི་རིམ་འཐབ་ས་དང་པོར་དམིགས་པ་དང་འགག་རྩའི་རྒྱུ་རྐྱེན“མི”དེ་དམ་འཛིན་བྱས་ནསསྐད་གཉིས་ནུས་པ་སྟེ་རྩོམ་སྒྱུར་ལས་དོན་གྱི་སྤུས་ཚད་དང་འབྲེལ་བའི་ལྟེ་བའི་གནད་དོན་ལ་དམིགས་ནས་བརྟག་ཞིབ་བྱས་པ་རེད། ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ།བདེན་ཚིག་ལ་ཉན་པ་དང་གནས་ཚུལ་དངོས་ལ་བརྟག་པ།དེ་བཞིན་གྲུབ་འབྲས་དང་གནད་དོན་གཉིས་ཀར་བལྟས་ཏེ།དམིགས་ས་ཡོད་པའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་པ་དང་ལས་ཀར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱ་ཐབས་བཏོན་ཡོད། ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་ནས་ས་བབ་མཐོ་ལ་དཀའ་ཚེགས་ཆེ་བའི་མཐའ་མཚམས་སུ་བསྐྱོད་དེ་བརྟག་ཞིབ་ཀྱི་ལས་འགན་ཏན་ཏིག་ངང་ལེགས་སྒྲུབ་བྱས་པ་དང་ཆབས་ཅིག་ས་གནས་དེ་གའི་ལས་བྱེད་མང་ཚོགས་ཚོའི་དཀའ་སྤྱད་སྙིང་རུས་དང་སྤྲོ་སྣང་འབད་འཐབ་བྱེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས་ཐེངས་འདིའི་བརྟག་དཔྱད་ཁྲོད་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ནས་བརྟག་ཞིབ་སྙན་ཞུ་བཟོས་ཏེ་གཞུང་ལས་ཁང་(ཅུ)ཏང་ཙུའི་ཚོགས་འདུར་ཞིབ་འཇུག་བྱ་རྒྱུར་འབུལ་རྒྱུ་ཡིན་པ་རེད།