无障碍阅读 关怀版

2023ལོ་འཁོར་གྱི་གྲངས་ཉུང་མི་རིགས་ཡིག་རིགས་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཚད་གཞིའི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

དུས་ཚོད། 2023-05-16 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

2023ལོའི་ཟླ་5པའི་ཚེས་11ཉིན།2023ལོ་འཁོར་གྱི་གྲངས་ཉུང་མི་རིགས་ཡིག་རིགས་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཚད་གཞིའི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུ་དེ་རྒྱལ་ཡོངས་ཆ་འཕྲིན་ལག་རྩལ་ཚད་ལྡན་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང(བསྡུས་མིང་ལ་རྒྱལ་ཡོངས་ཆ་ཚད་ཨུ་ལྷན་ཞེས་བརྗོད་རྒྱུ)གིས་གཙོ་གཉེར་བྱས་པ་རེད། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གི་རིམ་པ་གཉིས་པའི་སྐོར་ཞིབ་པ་དང་། གྲངས་ཉུང་མི་རིགས་ཡིག་རིགས་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཚད་གཞིའི་ལས་དོན་ཚོགས་ཆུང་གི་ཨུ་ཡོན་ལྷག་ཆུང་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ལྷ་དབང་ཚོགས་འདུར་ཞུགས་པ་རེད།

རྒྱལ་ཡོངས་ཆ་ཚད་ཨུ་ལྷན་ཨང་སྒྲིག་ཡིག་རྟགས་འདུ་ཚོགས་དང་ཨང་སྒྲིག་ཡན་ལག་ཨུ་ལྷན་དང་རྒྱལ་ཡོངས་ཆ་ཚད་ཨུ་ལྷན་གྱི་བོད་ཡིག་དང་།སོག་ཡིག ཝུའེ་ཧ་ཧོ་སྐད་ཡིག ཞི་པོ་སྐད་ཡིག ཏའེ་རིགས་སྐད་ཡིག ཀྲོང་རིགས་སྐད་ཡིག ཁྲའོ་ཞན་སྐད་ཡིག་བཅས་གྲངས་ཉུང་མི་རིགས་7གྱི་སྐད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཚད་གཞིའི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་། དྲུང་ཆེ། ཨུ་ཡོན་བཅས་དང་དེ་བཞིན་ཁེ་ལས་ཀྱི་འཐུས་མི་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་རེད།      

ཀྲུང་གོ་གློག་རྡུལ་ལག་རྩལ་ཚད་ལྡན་ཅན་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཁྲེང་ཏོ་ཕུའུ་ཡིས་དགའ་བསུའི་ཤིས་ཚིག་གསུངས་པ་དང་། ཁོང་གིས་གློག་རྡུལ་ཚད་ལྡན་ཁང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་ལས་དོན་མུ་མཐུད་སྤེལ་རྒྱུ་དང་ཆབས་ཅིག་ཚད་གཞི་བཟོ་བའི་ལས་དོན་དང་ཐོན་ལས་ཅན་གྱི་ལས་དོན་ཟུང་འབྲེལ་བྱས་ཏེ་མི་རིགས་ས་ཁུལ་ཁག་གི་སྐད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བར་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།  

ད་ཐེངས་ཀྱི་ཚོགས་འདུ་དེ་ལོ་བཞིའི་རིང་རྒྱལ་ཡོངས་ཆ་ཚད་ཨུ་ལྷན་གྱི་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཚད་གཞིའི་ལས་དོན་ཚོགས་ཆུང་འདུ་འཛོམས་བྱེད་ཐེངས་དང་པོ་ཡིན་པ་དང་། འཐུས་མི་ཡོངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཆ་འཕྲིན་ཅན་དངཚད་ལྡན་ཅན་གྱི་བརྟག་ཞིབ་དང་། ལས་དོན་ཚོགས་ཆུང་གི་ལས་ཀའི་ལམ་སྲོལ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཆ་འཕྲིན་ལག་རྩལ་ཚད་ལྡན་ཅན་གྱི་ལས་ཀའི་ཁ་ཕྱོགས་སྔར་བས་ཁ་གསལ་བྱུང་ཡོདའཐུས་མི་ཚོའི་ཐུན་མོང་འབད་བརྩོན་འོག་ཚོགས་འདུའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།