无障碍阅读 关怀版

བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་བརྟག་ཞིབ་ཚོགས་ཆུང་གཞིས་རྩེ་གྲོང་ཁྱེར་དུ་བསྐྱོད་དེ་གཞི་རིམ་གྱི་རྩོམ་སྒྱུར་ལས་དོན་དང་དེ་བཞིན་བོད་ཡིག་ཡིག་གཟུགས་ཀྱི་མ་དཔེའི་གནས་ཚུལ་ལ་བརྟག་ཞིབ་བྱས་པ།

དུས་ཚོད། 2023-06-22 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་།གཞི་རིམ་གྱི་བོད་སྐད་ཡིག་རྩོམ་སྒྱུར་ལས་ཀའི་གནས་ཚུལ་དང་དེ་བཞིན་བོད་ཡིག་ཡིག་མཛོད་བསྐྲུན་པའི་ལས་དོན་སྤེལ་ཚུལ་ཤེས་རྟོགས་བྱ་ཆེད། ཟླ་6པའི་ཚེས་5ཉིན་ནས་ཚེས་11ཉིན་བར་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ལྷག་ཆུང་གིས་སྣེ་འཁྲིད་པའི་བརྟག་ཞིབ་ཚོགས་ཆུང་གིས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་དང་། རྒྱལ་རྩེ། པ་སྣམ། ལྷ་རྩེ། ས་སྐྱ་སོགས་རྫོང་གི་རྩོམ་སྒྱུར་སྡེ་ཚན་ལ་བརྟག་ཞིབ་བྱས་པ་རེད། དུས་མཚུངས། གཞི་རིམ་གྱི་འབྲེལ་ཡོད་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་ཚན་པ་ནས་བོད་ཡིག་ཡིག་མཛོད་བསྐྲུན་རྒྱུར་མཁོ་བའི་གནའ་དཔེའི་བོད་ཡིག་ཡིག་གཟུགས་མ་དཔེའི་གནས་ཚུལ་ཤེས་རྟོགས་བྱས་པ་རེད། གནའ་དཔེའི་ཡིག་གཟུགས་དབྱེ་འབྱེད་དེ་བས་ཡག་པོ་ཡོང་ཆེད། བོད་ལྗོངས་སྨན་རྩིས་ཁང་གི་དགེ་རྒན་ཆེ་མོ་བ་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བློ་མཐུན་སྤེན་ནོར་གདན་ཞུས་ལྟར་བརྟག་ཞིབ་ལས་དོན་ལ་ཞུགས་པ་རེད།  

བརྟག་ཞིབ་ཚོགས་ཆུང་གིས་ས་ཡུལ་དངོས་སུ་རྟག་ཞིབ་བྱས་པ་དང་བཞུགས་མོལ་སྤེལ་རེས་སོགས་ཀྱི་རྣམ་པའི་ཐོག་ནས་གཞི་རིམ་གྱི་རྩོམ་སྒྱུར་ལས་དོན་དང་།མི་སྣ་བཀོད་སྒྲིག གྲོན་དངུལ་དོན་འཁྱོལ་སོགས་ཀྱི་གནས་ཚུལ་དང་དེ་བཞིན་སྤྱི་ཚོགས་སྤྱོད་ཡིག་བེད་སྤྱོད་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་པ་རེད།བརྟག་ཞིབ་བྱེདརིང་བློ་མཐུན་ལྷག་ཆུང་གིས་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་རྩོམ་སྒྱུར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་སླད་ཕྱིན་གྱི་ལས་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས་གཞུང་ལས་ཁང(ཅུད)གི་བོད་ཡིག་ཡིག་མཛོད་སྐྲུན་པའི་ལས་ཀ་དང་ཟུང་འབྲེལ་བྱས་ཏེ་སྔ་རྗེས་སུ་དཔལ་འཁོར་མཆོད་སྡེ་དང་ས་སྐྱ་དགོན་སོགས་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་ཚན་པར་བསྐྱོད་དེ་བོད་ཡིག་དཔེ་རྙིང་གི་ཡིག་གཟུགས་ལ་བརྟག་ཞིབ་བྱས་ནས་ཡིག་གཟུགས་ཀྱི་དོན་དངོས་གནས་ཚུལཤེས་རྟོགས་བྱས་ཏེ་བོད་ཡིག་ཡིག་མཛོད་ཞིབ་སྤེལ་ལས་དོན་གྱི་ཁུངས་སྣེ་འཚོལ་ཞིབ་ཐུབ་རྒྱུར་ཆ་རྐྱེན་བསྐྲུན་པ་རེད།