无障碍阅读 关怀版

བོད་སྐད་ཡིག་ཚན་ཞིབ་ཁྲུའུ་ཡིས་ཁྱུང་བྲིས་ཡིག་གཟུགས་ཞིབ་བཟོར་རིགས་པས་ཁུངས་སྐྱེལ་གྱི་ཚོགས་འདུ་འཚོགས་པ།

དུས་ཚོད། 2023-07-12 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ་7ཚེས་7ཉིན། རང་སྐྱོང་ལྗོངས་བོད་སྐད་ཨུགཞུང་ལས་ཁང་(རྩོམ་སྒྱུར་ཅུ)བོད་སྐད་ཡིག་ཚན་ཞིབ་ཁྲུའུ་ཡིས“ཐོན་མིའིཕྱག་རྒྱུན་-ཁྱུངབྲིས་ཡིག་གཟུགས”ཀྱི་ཡིག་མཛོད་ཞིབ་བཟོ་རིགས་པས་ཁུངས་སྐྱེལ་གྱི་ཚོགས་འདུ་འཚོགས་པ་རེད།བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་ནོར་ཚོགས་འདུར་ཞུགས་པ་དང།  ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ལྷ་དབང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།     

ངེད་ཁང(ཅུད)གི་ཐོན་མིའི་ཕྱག་རྒྱུན་བོད་ཡིག་ཡིག་མཛོད་ལས་གཞི་གཏོད་རྒྱུའི་དགོས་མཁོ་དང་བསྟུན་ནས་དུས་འགོར་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དང་ས་སྐྱ་དགོན་སོགས་འབྲེལ་ཡོད་ཀྱིརྒྱལ་ཁབ་གཙོ་གནད་རིག་དངོས་ཚན་པར་བརྟག་ཞིབ་བྱས་པའི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་ཁྱུང་བྲིས་ཡིག་གཟུགས་ཀྱི་ཡིག་སྣ་འདྲ་མིན་ཁ་ཤས་ལ་རིགས་པས་ཁུངས་སྐྱེལ་བྱས་ཡོད།གྲོས་བསྡུར་བྱས་པ་བརྒྱུདརྒྱལ་རྩེ་དཔལ་འཁོར་མཆོད་སྡེའི་གནའ་དཔེའི་ཁྱུང་ཡིག་གསེར་བྲིས(ལོ་600ཙམ་གྱི་ལོ་རྒྱུས་ལྡན)དེ་ཁྱུང་བྲིས་ཡིག་གཟུགས་ཀྱི་ཚབ་མཚོན་བརྩམས་ཆོས་ཡིན་ཞིང་། བརྩམས་ཆོས་དེ་ཉིད་ལྟ་འདོད་ལ་སྒྱུ་རྩལ་དང་ཉེར་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།ཡིག་གཟུགས་དེ་མ་དཔེར་འཛིན་ནས་ཁྱུང་བྲིས་གློག་ཀླད་ཡིག་གཟུགས་ཞིབ་སྤེལ་བྱེད་པར་འཛིན་སྐྱོང་སྤེལ་གསུམ་གྱི་བེད་སྤྱོད་རིན་ཐང་ཆེན་པོ་ལྡན་ཡོད།     

ཚོགས་འདུའི་ཐོག་བློ་མཐུན་ལྷག་ཆུང་གིས་བོད་སྐད་ཡིག་གཞུང་ལས་ཁང་(ཅུ)གིས་ཞིབ་སྤེལ་ཟིན་པའི་ཐོན་མིའི་ཕྱག་རྒྱུན---སྙེ་བྲིས་དང་། སྣེའུ་འཁྱུག་བྲིས། གཞུང་བྲིས་ཚུགས་ཐུང་། འབྲི་བྲིས་དཔེ་ཚུགས་བཅས་ཡིག་སྣ་བཞི་པོར་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ་དང་། རྗེས་ཕྱོགས་ཀྱི་“ཁྱུང་བྲིས་ཡིག་གཟུགས”ཞིབ་བཟོར་རྨང་གཞི་བཟང་པོ་བསྐྲུན་ཡོད། “ཐོན་མིའི་ཕྱག་རྒྱུན་----ཁྱུང་བྲིས་ཡིག་གཟུགས”ཞིབ་སྤེལ་ཚོགས་ཆུང་གང་མགྱོགས་བཙུགས་ནས་ཞིབ་སྤེལ་གྱི་འབྲེལ་ཡོད་ལས་དོན་སྤེལ་འགོ་འཛུགས་དགོས་པའི་གྲོས་འགོ་འདོན་ཡོད་པ་རེད།     

ཚོགས་འདུར་སྤུས་ཚད་མཐོ་བའི་ཡིག་མཛོད་ཞིབ་བཟོ་བྱེད་པར་ཚོགས་པའི་དབར་མཉམ་ལས་བྱས་ནས་གཤམ་གསལ་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་སྟེའབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ་ཡིག་གཟུགས་ཀྱི་མ་དཔེ་འཚོལ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་གཅིག བོད་ཡིག་ཡིག་གཟུགས་མཁས་པས་ཡིག་གཟུགས་ལེགས་འདེམས་དང་གསབ་སྣོན་གྱི་འགན་འཁུར་དགོས་པ་དང་འབྲེལ་ཡིག་གཟུགས་ཧྲིལ་པོའི་ཇུས་འགོད་ལ་མཛུབ་ཁྲིད་བྱེད་རྒྱུ་དང་གཉིས། ཚན་ཞིབ་ཁྲུའུ་ཡིས་ལས་ཀའི་བརྒྱུད་རིམ་ནན་དུ་བཏང་ནས་ཞིབ་བཟོའི་ཇུས་གཞི་བཀོད་དེ་གཞུང་ལས་ཁང་(ཅུ)ཏང་ཙུའི་ཚོགས་འདུའི་ཐོག་ཞིབ་འཇུག་བྱ་རྒྱུར་འབུལ་དགོས་པ་དང་བཅས་གསུམ་མོ།