无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གི་ལས་ཐོག་ཏང་ཡོན་གྱིས་སྡེ་ཁུལ་དུ “ཐོ་འགོད་གཉིས”ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

དུས་ཚོད། 2023-09-24 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

“སྟོབས་ལྡན་བཞིའི”ཏང་རྩ་འཛུགས་གསར་འཛུགས་ཀྱི་ལས་དོན་ལ་མུ་མཐུད་སྐུལ་སྤེལ་གཏོང་ཆེད། ཏང་ཡོན་གྱི་ཐོབ་ཐང་མངོན་པ། སྣང་བརྙན་སྐྲུན་པ། སྔོན་ཐོན་བརྩོན་ལེན་བྱེད་པ་བཅས་ཀྱིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཡོད། ཟླ༩པའི་ཚེས༢༡ཉིན། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གི་ཏང་ཨུད་རྩ་འཛུགས་ཀྱི་ལས་ཐོག་ཏང་ཡོན༢༠ཡིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་སྲང་་ལམ་རྒྱ་མཚོ་སྡེ་ཁུལ་དུ“ཐོ་འགོད་གཉིས”ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ།

བྱེད་སྒོ་དེའི་ནང་ཁོར་ཡུག་གཙང་སྦྲ་བྱས་ནས་འཕྲོད་བསྟེན་གྲོང་ཁྱེར་གསར་འཛུགས་དང་སྲིད་ཇུས་དྲིལ་བསྒྲགས་ཁག་གཉིས་སུ་དབྱེ་ཡོད། ཏང་ཡོན་དང་བླངས་པ་ཚོས་གད་སྙིགས་དང་ཤོག་སྙིགས། འགྱིག་སྙིགས་བཅས་ལ་གད་བདར་གཙང་མ་བྱས་པར་མ་ཟད། མངའ་ཁུལ་གྱི་སྡོད་མི་དང་ཚོང་དུད་ཚོ་ལ་འཕྲོད་བསྟེན་ལ་སྣང་ཆེན་དང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་ཡ་རབས་འདུ་ཤེས་རང་འགུལ་གྱིས་ལྡན་པ་བྱས་ཏེ། འཕྲོད་བསྟེན་གྲོང་ཁྱེར་གསར་འཛུགས་ཐད་ལེགས་སྐྱེས་འབུལ་བར་སྐུལ་སློང་བྱས། དེ་དང་ཆབས་ཅིག་ཁང(ཅུད)གིས་སྒྲིག་རྩོམ་བྱས་པའི《རྒྱ་བོད་ཤན་སྦྱར་བཀས་བཅད་ཚིག་མཛོད》དང《རྒྱ་བོད་ཤན་སྦྱར་བཀས་བཅད་མེ་ལོང》སོགས་སྡེ་ཁུལ་དང་མང་ཚོགས་ལ་སྤྲད།

ཐེངས་འདིའི་བྱེད་སྒོ་སྤེལ་བ་ལས་སྡེ་ཁུལ་མཉམ་འཛུགས་སུ་ཏང་ཡོན་ལས་བྱེད་པ་ཞུགས་ནས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་འཁྲིའི་འདུ་ཤེས་ཆེ་རུ་དང་ཧུར་སེམས་ཆེར་བསྐྱེད་ཐུབ་ཡོད། སླད་ཕྱིན་ཁང(ཅུད)གིས“ཐོ་འགོད་གཉིས”ཀྱི་དང་བླངས་ཞབས་ཞུའི་ལམ་སྲོལ་གཏིང་ཟབ་ཀྱི་རྒྱ་ཆེར་བཏོད་དེ། ཏང་ཡོན་ལས་བྱེད་པ་དང་སྡེ་ཁུལ་མང་ཚོགས་བར་གྱི་སྦྲེལ་ཟམ་འཛུགས་པ་དང་སློབ་གསོས་ཁྲིད་སྟོན་གྱིས་ཏང་ཡོན་གྱི་འདུ་ཤེས་སད་ཐབས་བྱེད་པ། ཏང་ཡོན་གྱི་གསོན་ཤུགས་རྒྱས་སུ་འཇུག་པ་བཅས་བྱས་ནས་གཙོ་འགན་གཙོ་ལས་སྒྲུབ་པ་དང་ཟུང་དུ་འབྲེལ་ཏེ་ལྷན་དུ་བོད་སྐད་ཡིག་དང་ཡིག་སྒྱུར་ལག་ལེན་ཁྲོད་དམངས་ལ་བདེ་སྐྱིད་སྐྲུན་པའི་ཆབ་སྲིད་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། འགན་འཁུར་གྱི་འདུ་ཤེས་བཅས་ལ་རང་འགུལ་གྱིས་ཟབ་ཏུ་གཏོང་བ། གཞི་རིམ་དུ་ཏང་སྲིད་ཇུས་ཁྱབ་བསྒྲགས་བྱེད་པ། ནུས་ཤུགས་ཡོད་རྒུས་དམངས་ལ་བྱ་བ་དངོས་སྒྲུབ་པ། བྱ་བ་ལེགས་པར་སྒྲུབ་པ། ཉེ་འཁོར་གྱི་བྱ་བ་སྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་དགོས།