无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ནག་ཆུ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་དུ་བསྐྱོད་དེ་སྤྱི་ཚོགས་སྤྱོད་ཡིག་གི་ཞིབ་བཤེར་སྤེལ་བ།

དུས་ཚོད། 2023-10-07 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ས་ཁུལ་དང་གྲོང་ཁྱེར་ཁག་གི་སྤྱི་ཚོགས་སྤྱོད་ཡིག་སྤྱོད་སྟངས་ལ་རྒྱུས་མངའ་གཏིང་ཟབ་ཡོང་ཆེད་དང་། སྐད་ཡིག་ཁོར་ཡུག་ལེགས་པོ་གཏོད་ཆེད།  རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་རིམ་གཉིས་སྐོར་ཞིབ་པ་ལྷག་ཆུང་གིས་གཙོ་ཁྲིད་བྱས་པའི་ཞིབ་བཤེར་ཚོགས་ཆུང་གི་ལོ་རེའི་ལས་ཀའི་འཆར་གཞི་ལྟར།ཟླ་༩པའི་ཚེས་༡༡ཉིན་ནས་ཚེས་༢༣ཉིན་བར་ནག་ཆུ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་དུ་སྤྱི་ཚོགས་སྤྱོད་ཡིག་གི་ཞིབ་བཤེར་སྤེལ་བ་རེད།

ཞིབ་བཤེར་ཚོགས་ཆུང་གིས་སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་གྱི་གསེར་རྙེད་ཆུད་དང་གཉན་རོང་རྫོང་། སོག་རྫོང་། ལྷ་རི་རྫོང་། སྦྲ་ཆེན་རྫོང་དང་ཆབ་མདོ་གྲོང་ཁྱེར་གྱི་སྟེང་ཆེན་རྫོང་དང་། རི་བོ་ཆེ་རྫོང་། ཁ་རུབ་ཆུད། འཇོ་མདའ་རྫོང་། ལྷོ་རོང་རྫོང་། དཔལ་འབར་རྫོང་བཅས་ཀྱི་རྫོང་(ཆུད)༡༡དུ་ཕེབས་པ་མ་ཟད། ཁོང་ཚོའི་རམ་འདེགས་འོག གཞུང་ལམ་ལམ་རྒྱུད་ཀྱི་ཤང་དང་གྲོང་བརྡལ། གྲོང་ཚོ་གྲོང་ལྷན་ཁག  དམངས་བདེ་ཞབས་ཞུ་ཁང་།དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སློབ་གསོའི་ལྟེ་གནས་དང་འབྲེལ་ཡོད་ཀྱི་གནས་གཞི་གལ་ཆེན་ཁག་ལ་ཞིབ་བཤེར་བྱས་པ་མ་ཟད།  དྲིལ་བསྒྲགས་སྦྱར་ཡིག་དང་།  ཚོང་ཁང་གི་སྒོ་བྱང་།  འགྲིམ་འགྲུལ་གྱི་ལམ་བྱང་།  ཕྱི་རོལ་གྱི་བརྡ་ཁྱབ་སོགས་ཀྱི་སྤྱི་ཚོགས་སྤྱོད་ཡིག་སྤྱོད་སྟངས་ལ་ཆེད་དོན་ཞིབ་བཤེར་བྱས་པ་མ་ཟད།  དེ་དང་དུས་མཚུངས་ས་གནས་འདི་གའི་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་སྤྱི་ཚོགས་སྤྱོད་ཡིག་གི་ལས་ཀའི་འབྲེལ་ཡོད་ཡིག་ཆ་དག་ལ་ཞིབ་བཤེར་བྱས་པ་མ་ཟད་ལས་དོན་མི་སྣའི་དབར་ཉམས་མྱོང་སྤེལ་རེས་ཀྱི་བཞུགས་མོལ་བྱས་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད། ནག་ཆུ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་གཉིས་ཀྱི་བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ལས་ཀ་སྤྱིའི་ཆ་ནས་ཡག་པོ་སྤེལ་ཡོད་པ་དང་།  རྫོང་(ཆུད)ཁག་གི་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་མངོན་ཆེའི་ལས་ཀ་ཡང་ཅུང་འབུར་དུ་ཐོན་ཡོད།  གཅིག་ནི་གྲོང་ཁྱེར་དང་རྫོང་(ཆུད)གི་ཏང་ཨུད་དང་སྲིད་གཞུང་གིས་བོད་སྐད་ཡིག་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། བོད་སྐད་ཡིག་ལས་དོན་གྱི་འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་བརྒྱབ་སྟེ། བཀོད་སྒྲིག་དང་བཀོད་འདོམས། དོན་འཁྱོལ་བཅས་ཆབས་ཅིག་ཏུ་བྱས་ནས་ལས་བགོས་འགན་འཁུར་འགོ་ཁྲིད་ཀྱིས་མཐོང་ཆེན་དང་འགན་འཁུར་ཚན་པས་དོན་འཁྱོལ་ཏན་ཏིག་བྱས་པས་བོད་སྐད་ཡིག་གི་ལས་དོན་ལ་འགན་ལེན་ཡག་པོ་ཐོབ་ཡོད། གཉིས་ནི་སྤྱི་ཚོགས་སྤྱོད་ཡིག་མུ་མཐུད་བཀས་བཅད་བྱས་པ། དམངས་བདེ་ཞབས་ཞུའི་ལྟེ་གནས་སུ་ཡིག་སྒྱུར་ཞབས་ཞུའི་དཀར་ཁུང་བཙུགས་པ་དང་། སྤྱི་ཚོགས་སྤྱོད་ཡིག་གི་ཞབས་ཞུ་དང་ལྟ་སྐུལ་དོ་དམ་ལས་ཀའི་དྲ་ཚོམས་གྲུབ་ཡོད་པས་མང་ཚོགས་རྣམས་ལ་གྲོས་འདྲི་དང་དྲིལ་བསྒྲགས། ཡིག་སྒྱུར་སོགས་ཀྱི་སྟབས་བདེ་སྐྲུན་པ་མ་ཟད། སྤྱི་ཚོགས་སྤྱོད་ཡིག་གི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཧུར་ཐག་སྤེལ་ནས་ས་ཡུལ་དངོས་སུ་བཅོས་སྒྲིག་དོན་འཁྱོལ་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད། གསུམ་ནི་རྒྱ་བོད་ཤན་སྦྱར་གྱི་སློབ་སྦྱོང་དཔྱད་གཞི་བཟོས་པ་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱ་རྒྱུར་གཞོགས་འདེགས་བྱས་པས། ཤང་དང་གྲོང་ཚོའི་ཏང་ཡོན་དང་ལས་བྱེད་པ། ཞིང་འབྲོག་གཞོན་དར་གྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་བཏང་ཡོད།

ནག་ཆུ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་དུ་བསམ་འཆར་ལན་སྤྲོད་དང་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུའི་ཐོག  ལྷག་ཆུང་གིས་ནག་ཆུ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་གྱི་བོད་སྐད་ཡིག་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་པ་མ་ཟད། ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་བོད་སྐད་ཡིག་ལས་དོན་ལ་གྲུབ་འབྲས་ཅུང་མངོན་གསལ་དོད་པོ་ཐོན་ཡོད་པ་དེས་གྲོང་ཁྱེར་དང་ས་ཁུལ་འགའ་ལ་ཉམས་མྱོང་དང་བྱ་ཐབས་མི་ཉུང་བ་ཞིག་ཐོབ་ཡོད་པར་ངོས་འཛིན་གནང་ཡོད།  ཁོང་གིས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱེད་སྟངས་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་སྐོར་ལ་གྲོང་ཁྱེར་དང་རྫོང་(ཆུད)གི་བོད་སྐད་ཡིག་ལས་དོན་ཚན་པ་ཁག་དང་ཉམས་མྱོང་སྤེལ་རེས་ཀྱི་བཞུགས་མོལ་དང་མཛུབ་སྟོན་གནང་ཡོད། ཁོང་གིས་བོད་སྐད་ཡིག་རྩོམ་སྒྱུར་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ལ་རེ་བ་བཏོན་དོན། ཁྱེད་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྣེ་ཁྲིད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་བོར་བཟུང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་བོད་སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་འགལ་མེད་ཀྱི་དམ་འཛིན་མཐའ་འཁྱོངས་བྱེད་པ་དང་། དོན་ཆེན་བཞི  དང་འགན་ལེན་བཞིཁུལ་གསུམ་དང་མཐོ་ས་གཅིགའཛུགས་སྐྱོང་བྱ་རྒྱུར་དམ་པོས་དམིགས་པ་བཅས་ཀྱི་རང་འགུལ་གྱིས་ཞབས་ཞུ་སྤེལ་བ་དང་གོང་འཕེལ་གྱི་རྣམ་པ་གསར་པའི་ནང་འཛུལ་ཞུགས་བྱས་ཁར། བོད་སྐད་ཡིག་གི་རྩོམ་སྒྱུར་ལས་དོན་ལ་དམ་པོར་དམིགས་ནས་བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དུ་གཏོང་རྒྱུའི་ཆུ་ཚད་གོང་མཐོར་གཏོང་དགོས་པ་ལ་ལས་བྱེད་དང་མང་ཚོགས་ཀྱི་སྐད་གཉིས་སློབ་སྦྱོང་ལ་སྐུལ་འདེད་བཏང་ནས་ལས་ཀའི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་དེ་བས་གོང་མཐོར་བཏང་སྟེ།  བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་པའི་མཛུབ་སྟོན་གནང་ཡོད།

དེའི་རིང་། ཞིབ་བཤེར་ཚོགས་ཆུང་ཁོངས་མི་ཡོངས་ཆབ་མདོ་གྲོང་ཁྱེར་གྱི་རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་མ་ལག་གི་གསོ་སྦྱོང་འཛིན་གྲྭའི་སྒོ་འབྱེད་མཛད་སྒོའི་ནང་བཞུགས་པ་མ་ཟད་བློ་མཐུན་ལྷག་ཆུང་གིས་སྒོ་འབྱེད་གསུང་བཤད་གནང་བ་རེད།

དེས་མ་ཚད།  ཞིབ་བཤེར་ཚོགས་ཆུང་གི་བསྐྱོད་པའི་གྲོང་ཁྱེར་དང་རྫོང་(ཆུད) ཤང་གྲོང་རྡལ། དགོན་སྡེ་དོ་དམ་ཨུ་ལྷན་སོགས་སུ་«རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཚིག་མཛོད(བོད་ཡིག་ཤན་སྦྱར)»དང་བརྩམས་ཆོས་གྲགས་ཅན་གྱི་སྒྱུར་རྩོམ་«མཚན་ཞག་སྟོང་གི་གཏམ་རྒྱུད»«བོད་སྐད་ཡིག་ལས་དོན་གྱི་ཕུལ་བྱུང་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དུས་དེབ»སོགས་སྤྲད་ཡོད།