无障碍阅读 关怀版

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་བྱ་དགྲ་འདུལ་དང་བཅས་པ་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ལས་དོན་ལ་བརྟག་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་པ།

དུས་ཚོད། 2023-10-08 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཉེ་ཆར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་བྱ་དགྲ་འདུལ་དང་བཅས་པ་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)དུ་ལས་དོན་ལ་བརྟག་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་པ་རེད། རྒྱལ་ཡོངས་ཀྱི་བོད་ཡིག་ཐ་སྙད་ཚད་ལྡན་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའི་འབྲེལ་ཡོད་མི་སྣ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཨ་ནུ་ཚེ་རིང་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་ཞུས་ཡོད། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་(ཅུད་ཀྲང)ཟླ་བ་ཚེ་རིང་དང་ལས་གནས་ཐོག་ཏུ་ཡོད་པའི་དབུ་ཁྲིད་དག་ཞུགས་མོལ་ནང་བཞུགས་ཡོད།

བློ་མཐུན་ཟླ་བ་ཚེ་རིང་གིས་བརྟག་ཞིབ་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་བོད་སྐད་ཡིག་ཐ་སྙད་ཚད་ལྡན་དུ་སྒྱུར་རྒྱུའི་འབྲེལ་ཡོད་གནས་ཚུལ་རྣམས་བརྟག་ཞིབ་ཙུའུ་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་སྙན་སེང་ཞུས་པ་རེད།  བརྟག་ཞིབ་ཙུའུ་དང་ཚོགས་ཞུགས་མི་སྣས་ཐ་སྙད་གསར་པའི་ཞིབ་གཏན་འཁེལ་བ་དང་བོད་ཡིག་གི་ཐ་སྙད་ཚད་ལྡན། ཆ་འཕྲིན་དང་མཐུན་པ། བཀས་བཅད་ལྡན་པ་བཅས་ཀྱི་་སྐོར་ལ་ཉམས་མྱོང་སྤེལ་རེས་གཏིང་ཟབ་གནང་ཡོད།

དགྲ་འདུལ་གྱིས་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་སྣེ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་གི་མཛད་ཕྱོགས་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཡོད་པ་མ་ཟད། བོད་ཡིག་གི་ཐ་སྙད་ཚད་དང་ལྡན་པ། ཆ་འཕྲིན་དང་མཐུན་པ། བཀས་བཅད་ལྡན་པ་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་འདུག་ཅེས་སྟོན་གནང་ཡོད། ཁོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བོད་སྐད་ཡིག་ལས་དོན་གྱི་གཙོ་བོའི་བརྗོད་བྱར་བཟུང་སྟེ་གསར་གཏོད་སྒོ་དབྱེ་དང་། མེས་རྒྱལ་གོང་བུ་གཅིག་འགྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། འདུ་ཤེས་འཛིན་སྟངས་ཀྱི་འཐབ་ས་སྲ་བརྟན་དུ་གཏོང་བ་བཅས་ལ་གང་ལེགས་དམིགས་ནས་ལས་དོན་སྤེལ་དགོས་པ་དང་། བོད་ཡིག་ཐ་སྙད་གསར་པའི་ལེགས་ཆ་འདོན་སྤེལ་བྱས་ནས་«རྒྱ་བོད་ཤན་སྦྱར་གྱི་ཐ་སྙད་གསར་པའི་བཀས་བཅད་ཚིག་མཛོད»རྩོམ་སྒྲིག་ཡག་པོ་བྱས་ནས་བོད་སྐད་ཡིག་དེ་ཉིད་གྲངས་འཛིན་ཅན་དང་རིག་ནུས་ཅན་དུ་འགྱུར་རྒྱུར་རྨང་གཞི་བརྟན་པོ་འདིང་ཆེད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཞབས་ཞུ་ཡག་པོ་སྒྲུབ་རྒྱུ་ཡིན་ལ་བོད་སྐད་ཡིག་གི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་ཡོང་རྒྱུར་རོགས་རམ་གང་ལེགས་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད།

ཟླ་བ་ཚེ་རིང་གིས་གཞུང་ལས་ཁང་(ཅུད)གིས་ཚབ་ཞུས་ནས་སྤྱི་ཁྱབ་ལས་བྱ་དགྲ་འདུལ་གྱིས་ལས་དོན་ལ་ཁས་ལེན་གང་ལེགས་དང་མཛུབ་སྟོན་གང་ཟབ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཞུ་བ་དང་ཆབས་ཅིག འབྲེལ་ཡོད་ཀྱི་བླང་བྱ་དང་རེ་བ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན་ལ། ཆབ་སྲིད་ཀྱི་ཚུགས་གནས་དང་རང་འགུལ་གྱི་བྱ་སྤྱོད་ཡག་པོའི་སྒོ་ནས་འབྲེལ་མཐུད་དང་མཐུན་སྦྱོར་གང་ལེགས་ཡོང་བ་བྱས་ཏེ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུར་བརྩོན་ལེན་ཧུར་ཐག་བྱ་རྒྱུ་མ་ཟད། བོད་སྐད་ཡིག་ལས་དོན་གྱི་ལག་ལེན་ཟབ་མོའི་ཁྲོད།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐར་ཕྱིན་བསྟར་རྒྱུའི་ཆབ་སྲིད་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། འགན་འཁུར་འདུ་ཤེས་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་འགན་འཁྲི་འཁུར་ནུས་གསར་པ། ལས་དོན་སྤེལ་སྟངས་གསར་པས་ལེགས་སྐྱེད་གསར་པ་བཅས་འབུལ་དགོས་ཞེས་ལྟ་བ་གསལ་བོ་སྟོན་གནང་ཡོད།