无障碍阅读 关怀版

བོད་རང་སྐྱོང་ལྗོངས་ཡིག་སྒྱུར་ལས་སྒོ་རྐང་འཛིན་པའི་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་བདེ་བླག་ངང་འཚོགས།

དུས་ཚོད། 2023-10-08 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་དགོས།  བོད་རང་སྐྱོང་ལྗོངས་ཀྱི་བོད་རྒྱ་ཡིག་སྒྱུར་ལས་སྒོ་རྐང་འཛིན་མི་སྣའི་རིག་གཞུང་གི་བྱང་ཚད་དང་ཆེད་ལས་ཀྱི་ཆུ་ཚད་སྔར་བས་མཐོ་རུདང་། བོད་སྐད་ཡིག་ཡིག་སྒྱུར་ལས་དོན་གྱི་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་ཆེད། ༢༠༢༣ལོའི་ཟླ༩པའི་ཚེས༢༡ཉིན་ནས་ཚེས༢༨ཉིན་བར། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)དང་རང་སྐྱོང་ལྗོངས་ལོ་ཙཱ་བ་མཐུན་ཚོགས་གཉིས་ཀྱིས་གཙོ་གཉེར་བྱས་ཤིང་། ལྷོ་ནུབ་མི་རིགས་སློབ་ཆེན་རྒྱུན་མཐུད་སློབ་གསོ་སློབ་གླིང་དང་མི་རིགས་ལས་བྱེད་པ་གསོ་སྦྱོང་ལྟེ་གནས་ཀྱིས་སྒྲུབ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་ཡིག་སྒྱུར་ལས་སྒོ་རྐང་འཛིན་པའི་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་ལྷོ་ནུབ་མི་རིགས་སློབ་ཆེན་ཝུའུ་ཧོའུ་སློབ་ཁུལ་དུ་གཉེར་བའདིར་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་དང་ལྗོངས་ཐད་གཏོགས་གསར་འགྱུར་སྨྱན་སྦྱོར་སྡེ་ཚན་ཁག་གི་ཡིག་སྒྱུར་ལས་སྒོའི་རྐང་འཛིན་མི་སྣ༣༠ཞུགས་ཡོད།

གསོ་སྦྱོང་འགོ་ཚུགས་མཛད་སྒོའི་ཐོག་ལྷོ་ནུབ་མི་རིགས་སློབ་ཆེན་རྒྱུན་མཐུད་སློབ་གསོ་སློབ་གླིང་གི་ཡོན་ཀྲང་། མི་རིགས་ལས་བྱེད་པ་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ཞའོ་ཆུང་གིས་ཤིས་ཚིག་གསུངཔ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བོད་སྐྱོར་ལས་བྱེད་པ། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གི་འགན་འཁུར་བས་སྐུལ་སློང་གཏམ་བཤད་གནང་བ་རེད།    

ལྗོངས་ཡོངས་ཀྱི་བོད་སྐད་ཡིག་དང་ཡིག་སྒྱུར་ལས་ཀར་གཞོལ་མཁན་ལ་ཚང་དགོས་པའི་ཤེས་བྱའི་བྱང་ཚད་ཀྱི་དགོས་མཁོ་དང་རྒྱུན་ལྡན་སྐད་གཉིས་རྩོམ་སྒྱུར་ལས་ཀའི་དགོས་མཁོར་དམིགས་ནས།ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་དམིགས་བྱ་གཙོ་བོ་ནི་ཟབ་ཅིང་ཕྲ་བའི་རིགས་པའི་གཞུང་ལུགས་དང་། ལོ་ཙཱའི་རྒྱུན་མཁོའི་ཐབས་ཤེས། ལོ་ཙཱའི་ལག་ལེན་དངོས་ཀྱི་བཀོལ་སྤྱོད་ནུས་པ་བཅས་ཡིན་ཕྱིར། སི་ཁྲོན་ཞིང་ཨུད་ཏང་གི་སློབ་གྲྭ་དང་། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རིགས་གཅིག་མཁས་པ་དང་རིག་གཞུང་པ་༩ཆེད་མངགས་ཀྱིས་གདན་དྲངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་སྐད་ཡིག་རིག་གནས་ཕུལ་བྱུང་རྒྱུན་འཛིན་བྱེད་པ། བོད་རྒྱ་ཡིག་སྒྱུར་གཞུང་ལུགས་དང་ལག་ལེན། བྱང་རྩལ། བོད་ཀྱི་བརྡ་སྤྲོད།གཞུང་ཡིག་འབྲི་སྟངས་བཅས་ལ་ཆེད་དོན་སློབ་ཁྲིད་གནང་བ་རེད། དེ་དང་ཆབས་ཅིག་མི་རིགས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མི་རིགས་རྟེན་མཛོད་ཁང་ལ་ལྟ་སྐོར་དུ་བསྐྱོད་པ་དང་།ཟི་ཁྲོན་གྱི་མི་རིགས་སྐད་ཡིག་ཡིག་སྒྱུར་ལག་ལེན་ཡག་པོ་མངོན་ཆེད། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་སུ་ས་ཡུལ་དངོས་ཀྱི་སློབ་ཁྲིད་དང་བཞུགས་མོལ་ཚོགས་འདུ་སོགས་སྣ་ཚོགས་སྤེལ་ཡོད།གསོ་སྦྱོང་བྱེད་རིང་།སློབ་གཉེར་བ་ཡོངས་ཀྱིས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་དང་། སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་སྦྱངས་པ་མཐར་ཕྱིན་མཛད་དེ། སློབ་སྦྱོང་གི་སྤྲོ་སེམས་འཕེལ་ཞིང་སློབ་སྲོལ་བཟང་པོ་ཡང་རྒྱུན་འཁྱོངས་བྱས་ཡོད།

དུས་ཡུན་ཉིན་༩ཡི་གསོ་སྦྱོང་ཡོངས་སུ་ལེགས་སྒྲུབ་བྱུང་ནས།ཟླ༩པའི་ཚེས༢༧ཉིན་མཇུག་འགྲིལ་མཛད་སྒོ་སྤེལ་ཞིང་། ཐོག་མར་སློབ་བུ་ཀྱིས་སློབ་གཉེར་བ་ཡོངས་ཀྱི་ཚབ་ཞུས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དང་ལས་ཀའི་ལག་ལེན་ལ་དམིགས་ནས་གཏམ་བཤད་གནང་ཡོད། དེ་ནས་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གི་ཏང་ཙུའུ་ཁོངས་མི་དང་། ཀྲུའུ་རེན་གཞོན་པ(ཅུ་ཀྲང་གཞོན་པ)རང་སྐྱོང་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འཇམ་དབྱངས་མཆོག་རྒྱལ་གྱིས་གསོ་སྦྱོང་ལས་ཀའི་གྲ་སྒྲིག་དང་། སློབ་ཚན་བཀོད་སྒྲིག སྒྲིག་འཛུགས་དོ་དམ།སློབ་སྦྱོང་གི་རྣམ་པ་བཅས་ཕྱོགས་བཞི་ནས་མཇུག་སྒྲིལ་ཕྱོགས་བསྡོམས་མཛད་ལ། དུས་མཚུངས་སུ་སློབ་གཉེར་བ་རྣམས་ལ་རེ་བ་གསུམ་བཏོན་པ་སྟེ། གཅིག་ནས་ཚེ་གང་སློབ་སྦྱོང་གི་འདུ་ཤེས་བཙུགས་ནས་ཟབ་སྦྱོང་མཐིལ་རྟོགས་ཐུབ་པ་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིསསྦྱོང་སེམས་ཡོད་ན་ཡར་རྒྱས་ཡོང་ཐུབཅེས་གསུངས་པ་ཇི་བཞིན་དོན་འཁྱོལ་དུ་ཡག་པོ་བྱ་དགོས།འདིར་བཞུགས་ཀྱི་སློབ་གཉེར་བ་ཡོངས་ནི་བོད་ཀྱི་སྐད་དང་ཡི་གེའི་ཕྱག་ལས་གཙོ་རྐང་པ་ཡིན་ཞིང་།རྩོམ་སྒྱུར་ལས་དོན་གྱི་འཕེལ་རྒྱས་ལ་ཁྱེད་ཚོ་ནི་མེད་དུ་མི་རུང་ལ། ཚང་མསཤོག་དཀརགྱི་བསམ་ཚུལ་རྒྱུན་འཁྱོངས་བྱས་ཏེ།ཚེ་གང་སློབ་སྦྱོང་བྱ་རྒྱུ་གོམས་གཤིས་སུ་ཆགས་ནས།དཔེ་ཀློག་ལ་དགའ་བ་དང་། དཔེ་ཀློག་བྱེད་ཤེས་པ། དཔེ་ཀློག་ལ་མཁས་པ་ཞིག་བྱས་ཐོག་ལྟ་རྒྱ་དང་ཐོས་རྒྱ་རྒྱ་ཆེ་བའི་སྒོ་ནས་རིག་པའི་གནས་ལ་བྱང་བ་ཞིག་བྱེད་དགོས། ཉེ་འགྲམ་གྱི་བློ་མཐུན་ལ་སློབ་སྦྱོང་དང་གཞན་གྱི་ལེགས་ཆ་ལེན་མཁས་པ།རང་གི་ཞན་ཆ་གསབ་མཁས་པ་ཞིག་བྱ་དགོས།  སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་རང་སོ་སོའི་ནུས་པ་དང་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་དགོས། གཉིས་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཁར།སྦྱངས་གོ་ཆོད་པ་ཞིག་བྱ་དགོས། ཉིན་༩ཡི་གསོ་སྦྱོང་མཇུག་བསྒྲིལ་མོད། ད་རེས་ཀྱི་གསོ་སྦྱོང་ནང་སྦྱངས་པའི་ཤེས་བྱ་དང་ཐབས་ལམ་དེ་དག་སླད་ཕྱིན་གྱི་ལས་ཀའི་ནང་བེད་སྤྱོད་ཡོད་པ་དང་། སློབ་སྦྱོང་གི་གོམས་གཤིས་བཟང་པོ་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བའི་ཁྲོད་འདོར་མི་རུང་བར། རང་རང་སོ་སོའི་ལས་གནས་ཐོག་སྔར་ལས་ལྷག་པའི་གྲུབ་འབྲས་ཐོབ་པ་དང་། རང་རང་སོ་སོའི་ལས་གནས་ཐོག་སློབ་སྦྱོང་བྱེད་སྲོལ་དང་ཁོར་ཡུག་བཟང་པོ་དེ་ནམ་ཡང་མི་འདོར་བའི་རེ་བ་ཡོད། གསུམ་ནས་འབྲེལ་མཐུད་སྤེལ་རེས་རྒྱུན་འཁྱོངས་དང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་བཏང་ནས་ཐུན་མོང་ཡར་རྒྱས་ཡོང་བ་བྱ་དགོས།ཡིག་སྒྱུར་གྱི་ལས་དོན་ལ་རིག་གཞུང་གི་རང་བཞིན་ཆེན་པོ་ལྡན་པས་སྦྱོང་བརྡར་ནང་ཞུགས་མཁན་ཚོས་སླད་ཕྱིན་གྱི་ལས་ཀའི་ནང་ཕན་ཚུན་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞན་ལ་འདྲི་རྒྱུར་ངོ་མི་ཚ་བ་བྱས་ནས་སློབ་མས་ལག་ལེན་ཁྲོད་དུ་འཕྲད་པའི་གནད་དོན་རྣམས་དགེ་རྒན་ལ་བཀའ་འདྲི་མང་ཙམ་ཞུས་ཏེ། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་དགོས། དེ་ལྟར་བྱས་ཚེ་གཞི་ནས་བོད་རྒྱ་ཡིག་སྒྱུར་བྱ་གཞག་སྔར་བས་དར་རྒྱས་གོང་འཕེལ་གཏོང་ཐུབ།

གསོ་སྦྱོང་བྱས་པ་བརྒྱུད་སློབ་གཉེར་བ་ཚོས་ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭའི་སློབ་ཚན་བཀོད་སྒྲིག་ནི་ཚགས་དམ་ཞིང་ལུགས་དང་མཐུན་པ། དགེ་རྒན་རྣམས་རིག་གནས་ལ་མཁས་ཤིང་ཉམས་མྱོང་ཟབ་པ་བཅས་ལྡན་པ་དེས་རྒྱ་ཆེའི་ཡིག་སྒྱུར་ལས་དོན་པར་ཆེད་ལས་ཅན་གྱི་གསོ་སྦྱོང་གོ་སྐབས་མཁོ་འདོན་བྱས་པར་མ་ཟད། ཁོང་ཚོའི་ཤེས་རྒྱ་དང་མཐོང་རྒྱ། ལས་ཀའི་བསམ་གཞི་རྒྱ་ཆེར་བཏང་བས། ཐོབ་བྱ་དང་ཕན་འབྲས་མང་པོ་ཐོབ་ཡོད་པར་འདོད། ཁོང་ཚོས་སྦྱངས་ཟིན་པའི་ཤེས་བྱ་དང་ལག་ལེན་ཟུང་འབྲེལ་བྱས་ནས་བོད་ཀྱི་སྐད་ཡིག་ཡིག་སྒྱུར་ལས་དོན་གྱིས་ལྟེ་བར་འཛིན་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་ཞིག་འབུལ་རྒྱུའི་བསམ་འདུན་ཡོད།