无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་ཏང་ཙུའུ་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་༢༠༢༣ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་༡༡པ་འཚོགས་པ།

དུས་ཚོད། 2023-10-11 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཉེ་ཆར། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ཏང་ཙུའུ་ཡིས་"ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་སློབ་སྦྱོང་བྱ་རྒྱུ"བརྗོད་བྱ་གཙོ་བོར་བཟུང་སྟེ། ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༣ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་༡༡པ་འཚོགས་པ་རེད། ཏང་ཙུའུ་ཡིས་བཀའ་མངག་ལྟར།  རིམ་གཉིས་སྐོར་ཞིབ་པ་ལྷག་ཆུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁང་(ཅུད)གི་ཏང་ཡོན་དང་ལས་བྱེད་པ་ཡོངས་སློབ་སྦྱོང་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག «ཏང་གི་རང་ངོས་གསར་བརྗེའི་སྐོར་གླེང་བ»ཞེས་པའི་ནང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོས་ཏང་གི་མཐུན་སྒྲིལ་གཅིག་གྱུར་རང་འགུལ་གྱིས་སྲུང་སྐྱོང་བྱེད་པདང་ཏང་གི་རྩ་འཛུགས་སྒྲིག་ཁྲིམས་ནན་དུ་གཏོང་བསྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྒྲིག་ཁྲིམས་དང་སྒྲིག་ལམ་བརྩི་སྲུང་བྱ་རྒྱུ་གལ་གནས་ཆེན་པོར་འཛིན་དགོས་པཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་ཆབ་སྲིད་ཀྱི་ཁོར་ཡུག་གཙང་སེལ་བྱེད་པསོགས་ཀྱི་དོན་ཚན་ཁག་ལ་ཡང་བསྐྱར་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་དོན་གཅོད་ཐིང་གི་ལས་དོན་ལ་གནང་བའི་འཛུབ་སྟོན་གལ་ཆེའི་དགོངས་དོན་དང་དེ་བཞིན་རྒྱལ་ཡོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་དྲུང་ཆེའི་ཚོགས་འདུའི་གཙོ་བོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། «རང་སྐྱོང་ལྗོངས་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་གིས་བརྒྱུད་སྤེལ་གནང་བའི་<སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་གལ་ཆེའི་གསུང་བཤད་གསར་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་སྐོར་གྱི་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་གི་བརྡ་ཐོ>ཡི་བརྡ་ཐོ་»  ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་(རྒྱ་བསྐྱེད)ཚོགས་འདུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བོད་ལྗོངས་གླེང་སྟེགས་ཐོག་གི་གསུང་བཤད་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

བློ་མཐུན་བློ་བཟང་ནོར་བུ་དང་སྐལ་བཟང་སྒྲོལ་དཀར་གཉིས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་དམིགས་ནས་ཞིབ་འཇུག་གྲོས་བསྡུར་དང་ཉམས་མྱོང་སྤེལ་རེས་གནང་བ་རེད།

ཚོགས་འདུར་བླང་བྱ་བཏོན་དོན། གཅིག་ནས་གཙོ་གནད་འབུར་དུ་བཏོན་ནས་རིགགཞུང་སློབ་སྦྱོང་བྱ་རྒྱུར་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གྱི་ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་ལག་བསྟར་དོན་འཁྱོལ་བྱ་དགོས་པབརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་བས་སྲ་བརྟན་དང་གཏིང་ཟབ་དུ་གཏོང་བ། དགོངས་པ་སློབ་སྦྱོངབྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་འཇོག་པ་དང་འདི་བརྗོད་དོན་གཙོ་བོར་དམིགས་ནས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པ། ཏང་ཙུའི་ཚོགས་འདུ་དང་ཏང་ཙུའི་རིགས་གཞུང་སློབ་སྦྱོང་གི་ལྟེ་བའི་ཚོགས་ཆུང་།  ཀྲི་པུའི་སློབ་སྦྱོང་སོགས་སྣ་མང་བྱ་ཐབས་ཀྱི་ཐོག་གཅིག་གྱུར་འཆར་འགོད་བྱེད་པ་དང་ གཞུང་ལུགས་ཀྱིས་སྣེ་ཁྲིད། གནད་དོན་གྱི་འཛིན་ཕྱོགས་ལ་དམིགས་པ།  སློབ་སྦྱོང་རྨང་གཞིར་བཟུང་བ།  ལག་ལེན་གྱིས་ར་སྤྲོད་བྱེད་པབཅས་ཏང་གི་རིག་གཞུང་སློབ་སྦྱོང་བྱེད་སྟངས་གསར་པ་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་གལ་ཆེའི་འཛུབ་སྟོན་སློབ་སྦྱོང་དང་བརྒྱུད་བསྒྲགས། ཞིབ་འཇུག་ལག་བསྟར། དོན་འཁྱོལ་སྐུལ་འདེད་བཅས་དུས་ཐོག་ཏུ་བྱ་དགོས། གཉིས་ནས་ལེགས་ཆར་གཞི་ཚུགས་ནས་དོན་འཁྱོལ་ཡག་པོ་བྱ་རྒྱུར་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། ཆབ་སྲིད་ཚུགས་གནས་ཀྱི་བསམ་བློ་གོང་མཐོར་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁུར་སེམས་ཤུགས་ཆེར་གཏོང་བ། ཆབ་སྲིད་ཀྱི་ནུས་པ་གོང་མཐོར་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས། ལས་ཀའི་བྱེད་སྟངས་ཞིབ་ཕྲ་བཟོ་བ་དང་ལས་ཀ་དོན་འཁྱོལ་ཚགས་ཚུད་པོ་བཅས་བྱས་ཏེ།  བོད་སྐད་ཡིག་དང་ཡིག་སྒྱུར་ལས་དོན་གྱིས་ཁྱོན་ཡོངས་ལ་བརྩི་སྲུང་དང་ཞབས་འདེགས་རང་འགུལ་གྱིས་ཞུ་བའི་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་དོན་གཅོད་ཐིང་གི་ལས་དོན་ལ་གནང་བའི་གལ་ཆེའི་འཛུབ་སྟོན་གྱི་ཆབ་སྲིད་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། འགན་འཁུར་འདུ་ཤེས་བཅས་ལ་ཤུགས་སྣོན་གང་ལེགས་བྱེད་པ་དང་། ཞབས་ཞུ་རང་འགུལ།  ཞབས་ཞུ་སྤུས་ལེགས།  ཞབས་ཞུ་ནུས་མཐོ།  ཞབས་ཞུ་གནད་འཕིགས།  ཞབས་ཞུ་རྒྱུན་གཏན་བཅས་ལ་འབད་པ་བྱས་ནས། གཟེར་འདེབས་སྙིང་སྟོབས་དོན་འཁྱོལ་དམ་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་ཇི་མ་ཇི་བཞིན་དུ་དོན་འཁྱོལ་འགན་ལེན་བྱ་དགོས་པ། ཏང་བློ་བདེ་བ་དང་མི་དམངས་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་འཛུགས་སྐྱོང་བྱ་དགོས།  གསུམ་ནས་བླང་བྱར་དམིགས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུར་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། སྒྲིག་ཁྲིམས་ཆེན་པོ་དྲུགམངོན་ཆེར་གཏོད་པ་དང་ཕྱོགས་གསུམའདུ་ཤེས་བརྟན་པོ་བཙུགས་ནས།  ཏང་གཤིས་ཀྱིས་ཁྲིད་སྟོན་བྱས་ནས་ལས་སྒྲུབ་མཐའ་འཁྱོངས་བྱེད་པ། སྒྲིག་ཁྲིམས་ཀྱིས་རང་འདོམས་བྱེད་པ་བཅས་ཀྱིས་སྒྲིག་འཁུར་ཁྲིམས་སྲུང་གི་ཚད་མཐོའི་རང་འགུལ་ཞིག་ཆགས་པ་བྱས་ནས་ཕྱོགས་ཁག་གི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་བྱེད་པ་དང་། ཏང་ནན་སྐྱོང་གི་འགན་འཁྲི་ལག་བསྟར་དེ་བས་ཡག་པོ་བྱེད་པ། སྲིད་གཙང་གྱི་ཉེན་འགོག་ཤུགས་ཆེར་གཏོང་བ་བཅས་ཀྱིས་ཁང་(ཅུད)གི་དོན་གཉེར་དང་སྤྱོད་གཙང་གི་སྲོལ་བཟང་དར་ཁྱབ་བཏང་ནས་བབ་ཞིང་ཆགས་པའི་ལས་ཀའི་ལམ་སྲོལ་བཟང་པོ་ཞིག་གཏོད་དགོས། དུས་མཚུངས་སུ། འབྱུང་སྲིད་པའི་གནད་དོན་ལ་སྔོན་དཔོག་དང་ནུས་ལྡན་གྱི་འགོག་སྲུང་བྱས་ནས། "སྟོབས་ཆེན་བཞིའི"ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུར་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་སྲོལ་གྱི་བླང་བྱར་དམིགས་ནས་ཞན་ཆ་འཚོལ་བ་དང་།  ཏང་གཤིས་ཀྱི་བླང་བྱར་དམིགས་ནས་འབྱུང་རྩ་འཚོལ་བ། ཏང་གི་སྒྲིག་ཁྲིམས་བླང་བྱར་དམིགས་ནས་བྱ་ཐབས་གསལ་སྟོན་བྱེད་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ནས།  རང་གཅེས་རང་གཟབ་རང་སྐུལ་རང་བརྩི་བཅས་བྱས་ཐོག  དུས་དང་རྣམ་པ་ཀུན་དུ་སེམས་ལ་ཞེད་སྣང་ཡོད་པ། སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བྱས་ནས་ལྷག་བསམ་དང་། སྤྱོད་གཙང་། ཁུར་ལེན་བཅས་ལྡན་པའི་ལས་བྱེད་དཔུང་ཁག་ཅིག་འཛུགས་དགོས། བཞི་ནས་གཙོ་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ་ཞིག་འཛུགས་གཏོད་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་གྱི་དགོངས་དོན་གལ་ཆེན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་གཙོ་དོན་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཏོན་གནང་བའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱ་རྒྱུའིའབད་འཐབ་དམིགས་ཚད་ལ་དམིགས་ནས་ལེགས་སྐྱེས་འབུལ་དགོས།