无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཆེད་དོན་མཛུབ་སྟོན་འཆད་ཁྲིད་སྤེལ་བ།

དུས་ཚོད། 2023-10-11 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཏང་ཡོན་དང་ལས་བྱེད་པའི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་དང་འགོག་སྲུང་ནུས་པ་མཐོ་རུ་གཏོང་ཆེད་དང་། བདེ་འཇགས་དང་ཡ་རབས།  ཞི་མཐུན་ལྡན་པའི་དྲ་རྒྱའི་ཁོར་ཡུག་ཅིག་གཏོད་ཆེད། ཉེ་ཆར། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་རང་སྐྱོང་ལྗོངས་དྲ་རྒྱ་བདེ་འཇགས་འགན་སྲུང་ལྟེ་གནས་ཀྱི་བློ་མཐུན་མཱ་ཅིང་ཤན་དྲ་རྒྱའི་བདེ་འཇགས་ཀྱི་ཆེད་དོན་འཆད་ཁྲིད་གནང་བར་གདན་ཞུ་བྱས་པ་རེད། འཆད་ཁྲིད་དེ་ཀྲི་པུའུ་གཉིས་པའི“ངས་ཀྲི་པུའི་སློབ་སྦྱོང་སྣེ་ཁྲིད་བྱེདཅེས་པའི་རྣམ་པའི་ཐོག་ནས་སྤེལ་ཡོད་ཅིང་ཏང་ཡོན་དང་ལས་བྱེད་ཡོངས་ཞུགས་ཡོད།

མཱ་ཅིང་ཤན་གྱིས་དེ་དང་འབྲེལ་བའི་ཁྲིམས་ལུགས་ཁྲིམས་སྲོལ་དང་།  དྲ་ཐོག་གི་བདེ་འཇགས་སྤྱོད་ཚུལ། དྲ་ཐོག་གི་བདེ་འཇགས་ཉོ་ཚོང་། དྲ་ཐོག་གི་བདེ་འཇགས་གྲོགས་འགྲིག དྲ་ཐོག་གི་སྤྱོད་ལམ་བདེ་འཇགས་དང་ཚད་ལྡན་སོགས་ཁག་༥དང་འབྲེལ་བའི་དྲ་རྒྱའི་བདེ་འཇགས་སྐོར་ནས་འཆད་ཁྲིད་གནང་བ་དང་། མིག་སྔར་རང་རྒྱལ་དུ་ཕྲད་དང་འཕྲད་བཞིན་པའི་དྲ་རྒྱའི་བདེ་འཇགས་ཀྱི་རྣམ་པར་གསལ་འགྲེལ་གཏིང་ཟབ་གནང་བ་མ་ཟད།  དྲ་ཐོག་གི་ཚུལ་མིན་ཆ་འཕྲིན་གྱིས་སྤྱི་ཚོགས་དང་རྒྱ་ཆེའི་མང་ཚོགས་རྣམས་ལ་གནོད་འཚེ་བཟོས་པའི་དོན་དངོས་ཀྱི་གྱོད་གཞི་ཁག་ཅིག་དང་ཟུང་འབྲེལ་བྱས་ནས། དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་ལས་དོན་ཇི་ལྟར་ཡག་པོ་སྤེལ་རྒྱུ་དང་། དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་འགོག་སྲུང་། དོ་དམ་ནུས་པ་གོང་མཐོར་གཏོང་རྒྱུའི་ཐད་འགྲེལ་བཤད་གཏིང་ཟབ་བྱས་ཡོད།

ད་ཐེངས་འཆད་ཁྲིད་དེའི་བརྗོད་དོན་ཁ་གསལ་ལ་ནང་དོན་གཏིང་ཟབ་པ། གྱོད་གཞི་གསལ་རྗེན་ཡིན་པ། བྱ་ཐབསགནད་ལ་འཕིགས་བཅས་ལྡན་པས་ལས་བྱེད་པ་ཡོངས་ཀྱིས་དྲ་རྒྱའི་མངོན་མེད་ཉེན་ཁར་ངོས་འཛིན་གཏིང་ཟབ་དང་ཁ་གསལ་བྱུང་ཡོད་ལ། དེས་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་དང་འགོག་སྲུང་ནུས་པའང་གོང་མཐོར་གཏོང་ཐུབ་ཡོད། སླད་ཕྱིན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ངེས་པར་དུ་བདེ་འཇགས་འདུ་ཤེས་དང་མཐའ་ཚད་འདུ་ཤེས། ཁྲིམས་ལུགས་འདུ་ཤེས་བཅས་བརྟན་དུ་བཏང་ནས་དྲ་རྒྱའི་བདེ་འཇགས་ཀྱི་སྒྲིག་སྲོལ་ལམ་ལུགས་ལ་བརྩི་སྲུང་ཞུ་རྒྱུ་དང་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་དྲ་རྒྱའི་འགོག་སྲུང་ནུས་པ་ཟམ་མི་ཆད་པར་གོང་མཐོར་བཏང་ནས་དྲ་རྒྱའི་བདེ་འཇགས་ཀྱི་ལག་རྩལ་འགོག་སྲུང་དོན་དངོས་ལྟར་གོང་མཐོར་བཏང་ཐོག བདེ་འཇགས་དང་བདེ་ཐང་། ཡ་རབས།  ཞི་མཐུན་བཅས་ལྡན་པའི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་ཚང་མས་གཅིག་རྗེས་གཉིས་མཐུད་དུ་ཤོད་ཀྱིན་འདུག