无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)གི་ཏང་ཙུའུ་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༣ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་༡༢འཚོགས་པ།

དུས་ཚོད། 2023-11-01 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཟླ༡༠པའི་ཚེས༣༠ཉིན། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད)ཏང་ཙུའུ་ཡིས“ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ”བརྗོད་བྱ་གཙོ་བོར་བཟུང་ནས་ཏང་ཙུའུ་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས༢༠༢༣ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་༡༢འཚོགས་པ་རེད། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན(ཅུད་ཀྲང)ཟླ་བ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་བྱས་ཤིང་། ཁང(ཅུད)གི་རིམ་བཞིའི་བརྟག་ཞིབ་མཁན་ཡན་གྱི་ཏང་ཡོན་དང་ལས་བྱེད་པ་ཚོགས་ཐོག་ཏུ་ཞུགས།

ཚོགས་འདུའི་ཐོག<<ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་གནད་བསྡུས>>ཀྱི་ལེ་ཚན“མཚར་སྡུག་འོད་སྟོང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་པ་གཏོད་པ”ཞེས་པར་བསྐྱར་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དགུ་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༧༤འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ། འབྲི་ཆུ་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྔར་བས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན། དེ་བཞིན་བསམ་བློ་དང་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་ལ་གནང་བའི་གལ་ཆེའི་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།  རྒྱལ་ཡོངས་ཀྱི་བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་ཚོགས་འདུ་དང་། ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་སོགས་ཀྱི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།  རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད(རྒྱས་འཛོམས)ཀྱི་ཚོགས་འདུ་དང་། ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ། ལྗོངས་ཡོངས་ཀྱི་རིག་དངོས་ལས་དོན་ཚོགས་འདུའི་ཐོག་ཏུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གནང་བའི་གསུང་བཤད་དང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། རིག་གནས་ཐིང་། ཡུལ་སྐོར་འཕེལ་རྒྱས་ཐིང་། བོད་ལྗོངས་མི་རིགས་སློབ་ཆེན་བཅས་སུ་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་དང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཉེ་དུས་འགྲེམས་བསྒྲགས་བྱས་པའི་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

བློ་མཐུན་ཟླ་བ་ཚེ་རིང་དང་མིག་དམར་ཕན་ཐོགས། ཞུས་ཕེ་ཡུས་གསུམ་གྱིས་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་རྒྱུན་ལྡན་གྱི་ལས་ཀ་དང་ཟུང་འབྲེལ་གྱིས་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་། ཏང་གི་གསར་གཏོད་རིག་གཞུང་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། རིག་གནས་ཀྱི་ལས་འགན་གསར་པ་རང་རྟོགས་ཀྱིས་འཁུར་བ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་རྒྱུ་བཅས་བརྗོད་བྱར་བཟུང་ནས་ཉམས་མྱོང་སྤེལ་རེས་བྱས།

ཟླ་བ་ཚེ་རིང་གིས་ནན་བཤས་བྱེད་དོན། གཅིག་ནས་བརྗོད་དོན་གཙོ་བོར་གཞི་གཅིག་ཏུ་དམིགས་ནས“དགོངས་པ་སློབ་སྦྱོང”དོན་འཁྱོལ་གཅིག་ཏུ་བྱ་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་སྦྱངས་འབྲས་སྲ་བརྟན་དང་གཏིང་ཟབ་མུ་མཐུད་བཏང་ནས།“དགོངས་པ་སློབ་སྦྱོང”བྱ་རྒྱུ་དེ་ལས་འགན་གལ་ཆེ་ཤོས་དང་བརྗོད་དོན་གཙོ་བོ་གཞི་གཅིག་ཏུ་དམིགས་ནས་དོན་འཁྱོལ་བྱ་དགོས། གཅིག་བསྡུས་ཀྱིས་སློབ་སྦྱོང་དང་། ཆེད་དོན་གྲོས་སྡུར། ཏང་གི་ཆེད་དོན་སློབ་ཁྲིད། ཏང་ཀྲི་པུའུ་ཡི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག” བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ་སོགས་བརྒྱུད་དེ། ལས་ཀ་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་ཐོས་བསམ་བགྱིས་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གྲོས་བསྡུར་དང་བསམ་བློ་བརྗེ་རེས་བྱེད་དགོས། སློབ་སྦྱོང་ཐད་གོམ་པ་གཅིག་བགྲོད་དང་། ཐབས་ལམ་ཐད་ཕན་ཚུན་མིག་ལྟོས། བསམ་བློ་ཐད་ཕན་ཚུན་བརྗེ་རེས་ཀྱིས་སྦྱངས་འབྲས་དེ་དད་སེམས་བརྟན་གཏོང་དང་། ཏང་གཤིས་སྦྱོང་བརྡར། ཐོག་མའི་བསམ་འདུན་བརྟན་སྲུང་། མིའི་རིགས་ལ་ཕན་བདེ་སྐྲུན་པ་བཅས་བྱས་ནས་དོན་གཉེར་མཐའ་འཁྱོངས་ཀྱིས་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་གནད་དོན་འཛིན་ཕྱོགས་མཐའ་འཁྱོངས་ཀྱིས་དག་ཐེར་བཅོས་སྒྲིག་གི་“བསྐྱར་ལྟའི”ལས་ཀ་ཡག་པོ་སྒྲུབ་དགོས། ཚན་ཁག་གི་ཁོངས་མི་དང་ཁྲུའུ། ཀྲི་པུའུ་ཁག་གི་འགན་འཁུར་མི་སྣའི་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་དང་། བྱེད་པོའི་འགན་འཁྲི་ནན་ཏན་བསྒྲུབས་ནས། གནོན་ཤུགས་དང་སྒུལ་ཤུགས་གཉིས་ལྡན་གྱིས་ཐབས་ཇུས་འདོན་པ་དང་དྲན་སྐུལ་བྱེད་རྒྱུར་ལྟ་སྐུལ་བྱེད་དགོས། ལྗོངས་ཏང་ཨུད་སྐོར་ཞིབ་པ་ཁག་ཐེངས་གོང་མས་ཁང(ཅུད)ཏང་ཙུའུ་ལ་བཏོན་པའི་བསམ་འཆར་ལན་སྤྲོད་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་དག་ཐེར་བཅོས་སྐྱོང་དང་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དངོས་འགྱུར་ལ་“བསྐྱར་ལྟ”དང་བསྐྱར་དུ་ཞིབ་ལྟ་བྱེད་པ། བསྐྱར་དུ་རྒྱུ་མ་ཕུ་འདེད་ཀྱིས་གནད་དོན་བསྐྱར་ལོག་མི་ཡོང་བ་དང་། འབྱུང་ཁུངས་ནས་བཅོས་སྒྲིག་བྱས་ཏེ་ཕྱི་ནང་མཉམ་བཅོས་བྱ་རྒྱུ་སྐུལ་འདེད་གཏོང་དགོས། གསུམ་ནས་ལས་འགན་སྐུལ་ཁྲིད་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་དང་སྤྱི་ཚོགས་ཁྱོན་ཡོངས་ལ་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས། “ཕྱོགས་གསུམ”དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་བསམ་བློ་དང་རིག་གནས་ཀྱི་དྲིལ་བསྒྲགས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་གཙོ་འགན་འཁུར་མཁན་ལ་གཞི་ཚུགས་པ་དང་། རང་སོ་སོའི་འགན་ནུས་དང་འགན་འཁྲི་ལ་དམ་པོས་དམིགས་ནས་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཡིག་དང་། ལྟ་འདོད་ལ་ཉན་སྤྲོ་བའི་སྐད་ཡིག་གི་ཐབས་ལམ་གྱིས་ཏང་གི་གསར་གཏོད་རིག་གཞུང་དང་དུས་རབས་གསར་པའི་ལོ་བཅུའི་ནང་ཚུན་བོད་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རྣམས་གཞི་རིམ་ལ་དྲིལ་བསྒྲགས་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་དགོས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཏང་གི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་བརྗོད་དོན་གཙོ་བོར་བཟུང་ནས་ཏང་དང་རྒྱལ་ཁབ་གྱིས་བཏོན་པའི་མི་རིགས་དང་སྐད་ཡིག་གི་བྱེད་ཕྱོགས་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ“སྤྲད་པ་གསུམ་དང་ཕན་པ་གཅིག”གི་སྤྱིའི་བླང་བྱ་དེ་བོད་ཀྱི་སྐད་ཡིག་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པ།“དོན་ཆེན་བཞིར”དམིགས་ཏེ་ནུས་ཤུགས་གཅིག་སྒྲིལ་གྱིས“འཛུགས་གཏོད་བཞི”ལ་ལེགས་སྐྱེས་འབུལ་དགོས། བཞི་ནས་མི་སྣ་བདམས་བཀོལ་ཡག་པོ་བྱས་ཏེ། ལྷག་བསམ་དང་སྤྱོད་གཙང་། ཁུར་ཐེག་ བཅས་ལྡན་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཙོ་བོའི་གནད་དོན་དུ་འཛིན་རྒྱུར་ཕྱོངས་ཡོངས་ཀྱི་དམ་པོར་དམིགས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་ཁྱབ་བཀོད་འདོམས་བྱས་ཏེ་རིགས་པའི་གཞུང་ལུགས་ལ་རྒྱབ་རྟེན་བཅོལ་བ། མཁས་འདེམས་འཇོན་བསྐོ་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་པ་བཅས་ཀྱི་ལས་དོན་ཁག་ཏན་ཏན་ཏིག་ཏིག་སྒྲུབ་པ་དང་། སྤྱི་དོན་དུ་ཏང་འཛུགས་པ། གཟབ་ནན་དང་བྱམས་བརྩེ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འགན་འཁྲི་ཡག་པོ་འཁུར་རྒྱུར་སྐུལ་མ་དང་སྲུང་སྐྱོང་གི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་ལས་ཀ་དངོས་སྒྲུབ་པ་དང་སྦྱངས་འབྲས་གཟེངས་སུ་ཐོབ་པ། འགན་འཁྲི་འཁུར་ནུས་པའི་དཔྱད་ཞིབ་དམིགས་བྱ་གསལ་པོ་བཙུགས་ཏེ། འཇོན་ཐང་ལ་བརྟེན་ནས་ལས་བྱེད་འདེམས་པ་དང་། གྲུབ་འབྲས་ལ་བརྟེན་ནས་་དཔའ་བོར་དཔྱད་པ་བྱེད་དགོས།  ཁང(ཅུད)ནང་མི་ཚང་མས་གཙོ་འགན་འཁུར་བ། གཙོ་ལས་སྒྲུབ་པ། རང་ནུས་ཡག་པོ་འདོན་པ་བཅས་ཀྱིས་མི་ཚང་མར་“ལས་ཀ་སྒྲུབ་འདོད་པ་དང་སྒྲུབ་ཤེས་པ། སྒྲུབ་ཐུབ་པའི”ཁོར་ཡུག་ཡག་པོ་ཞིག་གཏོད་དགོས།