无障碍阅读 关怀版

རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་བཟོ་ཚོགས་སྐབས་དྲུག་པའི་ཨུ་ལྷན་སྐབས་བརྗེའི་འདེམས་བསྐོའི་ཚོགས་འདུ་འཚོགས་པ།

དུས་ཚོད། 2023-12-01 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

<<བཟོ་ཚོགས་བཅའ་ཁྲིམས>>དང<<ཀྲུང་གོ་བཟོ་ཚོགས་ཀྱི་སྒྲིག་ཡིག>>གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཟླ11པའི་ཚེས27ཉིནརང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གིས་བཟོ་ཚོགས་སྐབས་དྲུག་པའི་ཨུ་ལྷན་སྐབས་བརྗེའི་འདེམས་བསྐོའི་ཚོགས་འདུ་ཚོགས་པ་དང་།གཞུང་ལས་ཁང(ཅུ)གི་ཏང་ཙུའི་ཁོངས་མིཀྲུའུ་རེན་གཞོན་པ(ཅུ་ཀྲང་གཞོན་པ)འཇམ་དབྱངས་མཆོག་རྒྱལ་གྱིས་གཙོ་སྐྱོང་གནང་བ་རེད།  

ཚོགས་འདུའི་ཐོག་སྐབས་གོང་མའི་བཟོ་ཚོགས་ཨུ་ལྷན་གྱིས་བཟོ་ཚོགས་ཀྱི་ལས་དོན་སྙན་སྒྲོན་གནང་བ་དང་། མིང་མི་འགོད་པའི་འདེམས་ཤོག་འཕངས་པ་བརྒྱུད་སྐབས་གསར་པའི་བཟོ་ཚོགས་ཨུ་ལྷན་དང་།བཟོ་ཚོགས་ཨུ་ལྷན་གྱི་གྲོན་དངུལ་ཞིབ་དཔྱད་ཨུ་ལྷན། བཟོ་ཚོགས་ཀྱི་བུད་མེད་ལས་བཟོ་ཨུ་ལྷན་བཅས་བདམས་ཐོན་བྱུང་བ་རེད།

སྐབས་གསར་པའི་བཟོ་ཚོགས་ཨུ་ལྷན་གྱིས་གཞུང་ལས་ཁང་(ཅུ)གི་ཏང་ཙུའི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཡང་དག་པའི་མཛུབ་ཁྲིད་འོག  རྟག་ཏུ་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རིག་གཞུང་གི་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་།  གཞུང་ལས་ཁང(ཅུ)གི་བཟོ་ཚོགས་རྩ་འཛུགས་འཛུགས་སྐྱོང་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་། བཟོ་ཚོགས་ཀྱི་ལས་དོན་དོ་དམ་ཚད་ལྡན་དུ་གཏོང་བ། རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་སྤེལ་བ། དཀའ་ངལ་ཡོད་པའི་ལས་བཟོར་དྲོ་སྐྱིད་སྦྱིན་པའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ། ལས་བཟོའི་དགོས་མཁོ་དངོས་ཐག་གཅོད་ཏན་ཏིག་བཅས་བྱས་ཏེ་བཟོ་ཚོགས་རྩ་འཛུགས་དེ་ཉིད་ལས་བཟོའི་ཁྱིམ་གཞིས་དངོས་སུ་འགྱུར་བ་བྱེད་དགོས།