无障碍阅读 关怀版

བོད་རང་སྐྱོང་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་འཚོགས་པ།

དུས་ཚོད། 2023-12-25 རྩོམ་པ་པོ རྩོམ་སྒྲིག ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་།

ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོབྱེད་པ། བོད་སྐད་ཡིག་དང་ཡིག་སྒྱུར་ལས་དོན་གྱི་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེདལོ་འཁོར་གྱི་འཆར་གཞི་གཞིར་བཟུང་།ཟླ12པའི་ཚེས22ཉིནབོད་རང་སྐྱོང་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་འཚོགས་ཤིང་།ཚོགས་འདུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཆོས་དར་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྡོ་རྗེ་ཚེ་རིང་། རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ(ཅུད་ཀྲང་གཞོན་པ)བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འཇམ་དབྱངས་མཆོག་རྒྱལབོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུད། སློབ་སྤྱི་གཞོན་པ། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཕུན་ཚོགས་དབང་འདུས་བཅས་ཞུགས་པ་མ་ཟད། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་ཡོངས་དང་། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་བློ་འདྲི་ཞུས་ཆེན་ལོ་ཙཱ་བའི་སྐུ་ཚབ་བཅས་ཞུགས་ཡོད།  རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གི་རིམ་གཉིས་སྐོར་ཞིབ་པ། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ལྷ་ཆུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།    

ཚོགས་འདུའི་ཐོགརང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པཀྲུའུ་རེན(ཅུ་ཀྲང་)བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཟླ་བ་ཚེ་རིང་གི་མངགས་བཅོལ་ལྟར།  ཚོགས་གཙོ་གཞོན་པ་འཇམ་དབྱངས་མཆོག་རྒྱལ་གྱིསརང་སྐྱོང་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སྐབས་ལྔ་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ནས<<ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་བོར་བཟུང་ནས་བོད་ཀྱི་ཡིག་སྒྱུར་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས>>ཞེས་པའི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་འདིས་འདས་པའི་ལོ་གཉིས་རིང་གི་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ལས་དོན་ལ་ཕྱོགས་སྡོམ་བྱས་ཡོད་ལ། རྩ་འཛུགས་འཛུགས་སྐྱོང་དང་། འཁོར་སྐྱོད་བྱེད་སྟངས། ཐོན་ཁུངས་ཀྱི་ལེགས་ཆ་སྡེབ་སྒྲིག་སོགས་ཕྱོགས་གསུམ་ནས་མིག་སྔའི་དཀའ་ངལ་དང་གནད་དོན་ཡང་བཏོན་ཡོད་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤིང་མཐོང་རྒྱ་ཡངས་པོའི་སྒོ་ནས་མཐུན་ཚོགས་ཀྱི་ལས་དོན་འཚོལ་ཞིབ་བྱེད་པསྐབས་གསུམ་པའི་ཕུལ་བྱུང་ཡིག་སྒྱུར་བརྩམས་ཆོས་ལ་གཟེངས་བསྟོད་བྱ་དགའ་སྤྲོད་པ།  ལས་སྒོའི་ཁྱབ་ཁོངས་དང་མཉམ་ལས་བྱེད་སྟངས་རྒྱ་ཆེར་གཏོང་བ་སོགས་ཕྱོགས་དྲུག་ནས2024ལོའི་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།  

ཚོགས་འདུའི་ཐོག<<བོད་རང་སྐྱོང་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་མི་དོན་ལེགས་སྒྲིག་དང་ལས་འཛིན་ཁ་གསབ་སྐོར་གྱི་གཏན་འབེབས>>དང<<ཚེ་རིང་གཡུ་སྒྲོན་སོགས་བློ་མཐུན་ལྔ་བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་བློ་འདྲི་བར་གདན་ཞུ་བྱ་རྒྱུའི་སྐོར་གྱི་གཏན་འབེབས>>གཉིས་སྒྲོག་སྦྱང་བྱས་པ་དང་  བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་བློ་འདྲི་བདང“ཞུས་ཆེན་ལོ་ཙཱ་བའིའཐུས་ཚབ་གདན་ཞུའི་ཡི་གེ་དང་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲད་པ་རེད།